ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གཙང་གསུམ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་། ཞིང་ཆེན་ཞིང་ཕྱུགས་ཐིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱིས་མཉམ་འབྲེལ་སྒོས་མགོ་ལོག་ཁུལ་དགའ་བདེ་རྫོང་གངས་ལུང་ཞང་ཤར་འོད་དགོན་དུ་རྨ་ཆུའི་ཉ་རིགས་གསོ་སྤེལ་བྱེད་པའི་བྱ་འགུལ་སྤེལ།
ཉིན་དེར།ས་གནས་དེའི་སྲིད་གཞུང་ལས་ཁུངས་ཀྱི་ལས་བྱེད་པ་དང་།དགོན་པའི་གྲྭ་བ།ཞིང་འབྲོག་མང་ཚོགས་ཉིས་བརྒྱར་ཉེ་བ་ཞིག་གིས་ཡུལ་དངོས་ནས་རིང་ཚད་དུ་རྨུས་བཅུ་ཡོད་པའི་ཉ་ཕྲུག་འབུམ་གཉིས་རྨ་ཆུའི་ནང་དུ་བཏང་།འདི་ནི་རང་ཞིང་གི་ཉིས་སྟོང་བཅུ་བཞི་ལོའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་དངོས་ཡོད་བྱ་བའི་ནང་གསེས་ཀྱི་བྱ་འགུལ་ཁྲོད་ཀྱི་གཅིག་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན།རྨ་ཆུའི་ནང་དུ་ཉ་རིགས་གཏོང་བའི་བྱ་འགུལ་སྤེལ་བ་འདིས་རྨ་ཆུའི་ཉ་རིགས་ཐོན་ཁུངས་ཁ་གསབ་དང་སླར་གསོ་བྱུང་ནས་རྨ་ཆུའི་མགོ་ཁུངས་ཀྱི་ཆུ་དང་སྐྱེ་དངོས་སྣ་མང་ཅན་དུ་གྱུར་ནས་ས་དེའི་མང་ཚོགས་ལ་ཉ་རིགས་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཀྱི་ངེས་ཤེས་ཟབ་མོ་བསྐྱེད། །