ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཟླ6པའི་ཟླ་མཇུག་བར་དུ། ཞིང་ཆེན་ནོར་སྲིད་ཀྱིས་ཞིང་ཕྱུགས་ལས་འཕེལ་རྒྱས་མ་དངུལ་སྒོར་དུང་ཕྱུར8.83བཀོད་སྒྲིག་བྱས་ཏེ། གཙོ་བོ་སྒྲིག་ཆས་ཞིང་ལས་དང་གསར་དར་བདག་གཉེར་གཙོ་སྒྲོམ་གསོ་སྐྱོང་། ཐོན་ལས་ཅན་འཕེལ་རྒྱས་སོགས་ལ་རོགས་སྐྱོར་བྱས། མིག་སྔར་མ་དངུལ་སྒོར་དུང་ཕྱུར8.16བཏང་ཞིང་། དེས་བཀོད་སྒྲིག་བྱས་པའི་མ་དངུལ་སྤྱི་འབོར་གྱི92.4%ཟིན་ཡོད།
རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་སྟོད་ལ། མཚོ་སྔོན་གྱིས་མུ་མཐུད་དུ་ཞིང་ལས་དར་སྤེལ་དང་ཞིང་བར་གཟིགས་སྐྱོང་གི་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱེད་ཤུགས་ཇེ་ཆེར་བཏང་ནས། མུ་མཐུད་དུ་ནོར་སྲིད་མ་དངུལ་གྱི་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་སྤྱི་འབོར་ཇེ་མང་ལ་བཏང་བ་དང་། ཞིང་ཕྱུགས་ལས་ཁ་གསབ་གཞི་ཁྱོན་རྒྱ་བསྐྱེད་པས། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་ནུས་ཇེ་མཐོར་གཏོང་བ་བཅས་ལ་སྐུལ་འདེད་བྱས་པ་མ་ཟད། རོང་འབྲོག་པས་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས་ཡོད། །