མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་སྒལ་རལ་ཅན་69གཅིག་སྡུད་ཐོག་ཡོངས་བསྒྲགས་ཐེངས་དང་པོ་བྱས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-07-13 11:35

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྲིམས་ལུགས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཉེ་ཆར་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྤྱི་ཚོགས་ཐོག་ཡིད་རྟོན་ཤོར་ནས་ལག་བསྟར་བྱ་ཡུལ་གྱི་མིང་ཐོའི་ཆ་འཕྲིན་གཅིག་སྡུད་ཐོག་ཡོངས་བསྒྲགས་བྱས་ནས་ཡིད་རྟོན་ཤོར་མཁན་69དམར་རྗེན་དུ་བཏོན་པ་དང་ལག་བསྟར་ཚད་གཞིའི་དངུལ་འབོར་སྒོར་ཁྲི་1500ལྷག་ཙམ་ཟིན་ཡོད།དེ་ནི་མཚོ་སྔོན་ཁྲིམས་ཁང་གིས་སྨྱན་སྦྱོར་ལ་བརྟེན་ནས་ཡིད་རྟོན་ཤོར་མཁན་དམར་རྗེན་དུ་འདོན་ཐེངས་དང་པོ་དེ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན།ད་ཐེངས་དམར་རྗེན་དུ་འདོན་ཡུལ་ཡིད་རྟོན་ཤོར་མཁན་69ཡི་མིང་ཐོའི་ཆ་འཕྲིན་ཆ་ཚང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡིད་རྟོན་ཤོར་ནས་ལག་བསྟར་བྱ་ཡུལ་གྱི་མིང་ཐོའི་མཛོད་ནང་འཇོག་རྒྱུ་ཡིན་པ་རེད།མཚོ་སྔོན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཡིད་རྟོན་ཤོར་ནས་ལག་བསྟར་བྱ་ཡུལ་གྱི་མིང་ཐོ་ཚགས་པར་དང་།རླུང་འཕྲིན།དྲ་རྒྱ།ཁྲིམས་ཁང་གི་ཡོངས་བསྒྲགས་སྒྲོམ་སོགས་ལ་བརྟེན་ནས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་ཏེ་ཡིད་རྟོན་ཤོར་མཁན་གྱིས་རང་ཉིད་ཀྱི་མཚན་སྙན་སླར་གསོ་བྱ་ཆེད་བཅའ་ཁྲིམས་ཡིག་ཆའི་ནང་གཏན་འཁེལ་བྱས་པའི་འོས་འགན་ལག་བསྟར་ཧུར་ཐག་བྱེད་དུ་འཇུག་རྒྱུ་ཡིན་པ་དང་།སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་།དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་གཞི།དངུལ་རྩའི་སྒྲིག་གཞི་སོགས་ལ་བརྡ་ཁྱབ་བཏང་ནས་སྲིད་གཞུང་གི་ཉོ་སྒྲུབ་དང་།སུས་འཇོན་དེ་འགུགས།སྲིད་འཛིན་ཞིབ་མཆན་འགོད་པ།ཁྲོམ་རའི་འཇུག་འཐུས།འོས་བབ་ཐོབ་ཐང་ངོས་འཛིན་ཁས་ལེན་སོགས་ཐད་ཡིད་རྟོན་ཤོར་ནས་ལག་བསྟར་བྱ་ཡུལ་ལ་ཡིད་རྟོན་གྱི་ཆད་པ་གཅོད་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག