མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྲུང་སྐྱོབ་བྱ་སྤྱོད་སྤེལ་ནས་ལོ་གསུམ་སོང་རིང་འབྲི་ཆུའི་ཆུ་འགོའི་ཁྲུང་ཁྲུང་མགོ་ཁྲ་ལྡབ་གཅིག་འཕར་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-07-13 11:35

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།《ཟི་ལིང་དགོང་དྲོའི་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཉེ་ཆར་འབྲི་ཆུའི་ཆུ་འགོའི་ཅེ་པི་མཚོའི་དང་བླངས་པ་ལྟ་ཞིབ་སྒར་ས་ནས་ཕྱིར་འཐེན་བྱས་པ་དེ་ཐོག་ནས་2014ལོའི་ཁྲུང་ཁྲུང་མགོ་ཁྲའི་སྲུང་སྐྱོབ་རྣམ་གྲངས་ཚང་མ་ལེགས་གྲུབ་ཟིན་པ་མཚོན་པ་དང་དང་བླངས་པས་བསྡོམས་རྩིས་བྱས་པར་གཞིགས་ན།2012ལོ་ནས་བཟུང་འབྲི་ཆུའི་ཆུ་འགོའི་ཁྲུང་ཁྲུང་མགོ་ཁྲ་སྲུང་སྐྱོབ་བྱ་སྤྱོད་སྤེལ་ནས་ལོ་གསུམ་སོང་རིང་འབྲི་ཆུའི་ཆུ་འགོའི་ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་ལྡབ་གཅིག་འཕར་ཡོད་པ་རེད།

    ཁྲུང་ཁྲུང་མགོ་ཁྲ་ནི་འཛམ་གླིང་ཐོག་འཕུར་ཚད་མཐོ་ཤོས་ཡིན་པའི་འདབ་ཆགས་ཤིག་ཡིན་པ་དེས་ཆུ་ཚོད་བརྒྱད་ནང་སྨི་9000ཙམ་ཡོད་པའི་རི་བོ་ཧི་མ་ལ་ཡ་བརྒལ་ཐུབ་པ་དང་འབྲི་ཆུའི་ཆུ་འགོ་ནི་དེའི་རྒྱུད་འཕེལ་བྱེད་ཡུལ་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད།མིག་སྔར་གོ་ལ་ཧྲིལ་པོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་ཀྱི་ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་ཁྲི་7ལས་མེད་ཅིང་།ལོ་ལྟར་གྱི་ཟླ་4པ་ནས་ཟླ་6པ་བར་ཁྲུང་ཁྲུང་མགོ་ཁྲ་འབོར་ཆེན་ཞིག་འབྲི་ཆུའི་ཆུ་འགོའི་པན་ཏེ་མཚོ་དང་ཅེ་པི་མཚོར་འཕུར་ནས་དེ་གར་སྒོ་ང་གཏོང་བ་དང་བྱ་ཕྲུག་སྙོལ་གྱི་ཡོད།བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན།2012ལོའི་ལོ་མཇུག་ཏུ་འབྲི་ཆུའི་ཆུ་འགོའི་ཁྲུང་ཁྲུང་མགོ་ཁྲ་སྲུང་སྐྱོབ་བྱ་སྤྱོད་མ་སྤེལ་གོང་པན་ཏེ་མཚོའི་ས་ཁུལ་དུ་ལོ་ལྟར་ཁྲུང་ཁྲུང་མགོ་ཁྲའི་སྒོ་ང་2000ལྷག་ཙམ་མིས་སྒྲུག་གི་ཡོད།ཁྲུང་ཁྲུང་མགོ་ཁྲར་སྲུང་སྐྱོབ་བྱ་ཆེད་ཀྲུང་གོའི་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་ལྗང་མདོག་གཙང་ཆུས་2012ལོར་ཁྲུང་ཁྲུང་མགོ་ཁྲར་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་སྤེལ་ནས་འབྲི་ཆུའི་ཆུ་འགོར་ཁྲུང་ཁྲུང་མགོ་ཁྲ་ཚུད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོབ་བྱས་པ་རེད།ལྗང་མདོག་གཙང་ཆུའི་འགན་འཁུར་བས་གསར་འགོད་པར་འབྲི་ཆུའི་ཆུ་འགོའི་ས་ཁུལ་གྱི་འདབ་ཆགས་བརྟག་ཞིབ་ལས་མངོན་པར་གཞིགས་ན།2012ལོར་པན་ཏེ་མཚོར་ཁྲུང་ཁྲུང་མགོ་ཁྲ་1170མཉམ་བསྡུས་བྱས་པ་དང་།2013ལོར་2000ལྷག་ཙམ་ཟིན་པ།འདི་ལོ་བསྡོམས་རྩིས་བྱས་པར་2500ལྷག་ཙམ་ཟིན་པ་བཅས་ལས་ལོ་གསུམ་ནང་པན་ཏེ་མཚོའི་ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་ལྡབ་གཅིག་འཕར་བ་རེད།དེས་ན་ན་ནིང་ཅེ་པི་མཚོའི་ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་300ལྷག་ཙམ་དང་འདི་ལོ་500ལྷག་ཙམ་ཟིན་ནས་དང་བླངས་པའི་སྲུང་སྐྱོབ་འོག་ཁྲུང་ཁྲུང་མགོ་ཁྲའི་བྱ་ཕྲུག་གསོན་ཚད་ཆེས་ཆེར་མཐོ་རུ་སོང་ཡོད།མིག་སྔར་པན་ཏེ་མཚོར་ཁྲུང་ཁྲུང་མགོ་ཁྲ་2500ལྷག་ཙམ་མཉམ་བསྡུས་བྱས་པ་དང་དེ་ཡང་མཚོ་བོད་ས་མཐོའི་མིང་དོན་མཚུངས་པའི་ཁྲུང་ཁྲུང་མགོ་ཁྲ་མང་ཤོས་ཀྱི་ས་ཆ་ཞིག་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག