ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཐིན་ལས་ཁུངས་ཀྱི་སྲིད་གཙང་ཉེན་བརྡའི་སློབ་གསོ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཀྱི་གཏམ་བཤད་དགོངས་དོན་གལ་ཆེན་དང་འབྲེལ་ཡོད་ཀྱི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་བྱས་ནས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་དང་མི་དམངས་ཉེན་རྟོག་པས་བདེ་སྡོད་ཉེན་བསམ་དང་བསམ་བློ་གཅིག་གྱུར། སྒྲིག་ཁྲིམས་ནན་མོ། སྤྱོད་ཚུལ་ལེགས་བསྒྱུར་བཅས་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བརྟན་བརླིང་ངང་སྤེལ་དགོས་པའི་སློབ་གསོ་བཏང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲུང་ལིག་ཀྲི་ཆང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ནས་བསྟན་དོན། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་རིམ་པ་སོ་སོའི་མགོ་ཁྲིད་ཀྱི་གཏམ་བཤད་དགོངས་དོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་བཀོད་སྒྲིག་དང་དམ་དུ་དམིགས་ནས། ཆབ་སྲིད་དང་ལས་སྒོ། འགན་འཁྲི། སྒྲིག་ཁྲིམས། ཀུན་སྤྱོད་བཟང་བའི་རེ་བར་དམ་འཛིན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་ཀྱིས་ཉེན་རྟོག་འཛུགས་པ་དང་ཉེན་རྟོག་ལ་བཅོས་སྐྱོང་ནན་མོ་བྱེད་པ། ལམ་ལུགས་སྒྲིག་སྲོལ་ལ་སྔར་ལས་གསར་སྐྲུན་དང་དེ་འཐུས་ཚང་དུ་གཏོང་བ། ཆབ་སྲིད་སྒྲིག་ཁྲིམས་ཇེ་བརྟན་དུ་གཏོང་བ་དང་ཀུན་སྤྱོད་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། ཏང་སྲོལ་སྲིད་གཙང་གི་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་བྱེད་པ་བཅས་བྱས་ནས། ཡིད་ཆེས་བརྟན་པོ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། འགན་ཁུར་ཕོད་པ། སྲིད་གཙང་སྤྱོད་གཙང་གི་སྤྱི་བདེ་དཔུང་སྡེ་ཞིག་འཛུགས་སྐྲུན་བྱས་ཏེ། མུ་མཐུད་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་འཛུགས་སྐྲུན་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར། །