མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་གསུམ་པའི་སྲིད་གྲོས་གླེང་སྟེགས་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-13 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་གསུམ་པའི་སྲིད་གྲོས་གླེང་སྟེགས་བསྡུས་ནས། ཧའེ་ཁི་ཝེར་གཞི་རྒྱུ་པེ་ཅིན་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཧྭ་ཙི་ཨང་གདན་འདྲེན་བྱས་ཏེ་ཚེ་སྲོག་ཚན་རིག་དང་འབྲེལ་བའི་གནད་དོན་ཐད་ནས་ཆེད་དོན་འཆད་འཁྲིད་སྤེལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་གཞི་རིན་ཆེན་རྒྱལ་དང་ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན། ལའོ་ཁྲོ་ཡཱང་། རིན་ཆེན་རྣམ་རྒྱལ། མཱ་ཀྲི་ཝེ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་གཞོན་པ། ཨུ་ཡོན། ཆེད་ཞུ་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་ཡོངས། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ། ཟི་ལིང་གྲོང་ཁྱེར་དང་ས་ཁུལ། རྫོང་བཅས་ཀྱི་སྲིད་གྲོས་ཀྱི་འགན་ཁུར་མི་སྣ་བཅས་བསྡོམས་པས་མི་བརྒྱ་ལྷག་གིས་འཆད་འཁྲིད་ལ་ཉན།

འཆད་ཁྲིད་ཀྱིས་མི་ནི་ཐོན་སྐྱེད་ནུས་ཤུགས་ཁྲོད་ཀྱི་ཆེས་གསོན་ཉམས་ལྡན་པའི་གྲུབ་ཆ་ཡིན་པས། མི་གཙོ་བོར་འཛིན་པར་རྒྱུན་འཁྱོངས་བྱེད་པ་དང་། མི་གཞུང་ཐུགས་ཁུར་མངོན་པར་བྱས་ཏེ། མིའི་བརྩོན་སེམས་དང་གསར་སྤེལ་ནུས་ཤུགས་ལ་སྐུལ་སློང་བྱེད་པ་གཙོར་བཟུང་ནས། ཕྱོགས་མང་པོའི་ཐད་ནས་འགྲེལ་བཤད་གསལ་བོ་བྱས། འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་འཚོ་བ་དང་དོན་དངོས་ལ་བཅར་ཞིང་། མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་ཚོས། སྲིད་གྲོས་གླེང་སྟེགས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་སོགས་ཕྱོགས་ཀྱི་བསླབ་གཞི་བདམས་པ་མ་ཟད། རྒྱལ་ནང་གི་མིང་དུ་གྲགས་པའི་ཆེད་མཁས་པ་གདན་ཞུ་བྱས་ཏེ་འཆད་ཁྲིད་དང་ཟུར་ཁྲིད་བྱས་ནས། ཚང་མའི་མཐོང་རྒྱ་ཇེ་ཆེར་བཏང་བ་དང་། བྱ་བ་དང་ལུས་སེམས་ཀྱི་བདེ་ཐང་དང་། མིའི་ཕྱོགས་ཡོངས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཕན་པ་ཡོད་པ་མ་ཟད། འགན་ནུས་ལག་བསྟར་བྱེད་པའི་ནུས་པ་མཐོར་འདེགས་བྱེད་པར་སྐུལ་འདེད་རང་བཞིན་གྱི་ནུས་པ་ལྡན་པའི་བསམ་ཚུལ་བསྟན།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག