ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་པའི་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་བྱ་བའི་ལས་བྱེད་མི་སྣར་གསོ་སྦྱོང་བྱེད་པའི་འཛིན་གྲྭ་མཚོ་སྔོན་ཞིང་ཆེན་གུང་གཞོན་ཚོགས་པའི་སློབ་གྲྭ་རུ་དངོས་སུ་བཙུགས་པ་རེད།
སྐབས་འདིའི་གསོ་སྦྱོང་འཛིན་གྲྭ་བསྡོམས་པས་ཐེངས་བརྒྱད་དུ་བགར་ནས། ཐེངས་རེར་ལས་བྱེད་མི་སྣ་བརྒྱ་དང་ཉེར་ལྔ་ལ་གསོ་སྦྱོང་བྱེད་རྒྱུ་ཡིན་ལ། གསོ་སྦྱོང་འཛིན་གྲྭ་ཟླ་བདུན་པ་ནས་མགོ་བརྩམས་ཏེ་ཟླ་བཅུ་གཉིས་ཀྱི་ཟླ་མཇུག་བར་ཁྱོན་བསྡོམས་ལས་བྱེད་མི་སྣ་ཆིག་སྟོང་ལྷག་ལ་གསོ་སྦྱོང་བྱེད་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་བྱ་བའི་ལས་བྱེད་མི་སྣའི་ཤེས་ཡོན་གྱི་ཆུ་ཚད་དང་བྱ་བའི་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། གནས་བབ་གསར་བའི་འོག་མུ་མཐུད་དུ་སློབ་གྲྭ་འབྲིང་ཆུང་གི་ཆབ་སྲིད་བསམ་བློའི་བྱ་བར་ཤུགས་རྒྱག་ཆེད། མཚོ་སྔོན་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་གསོ་སྦྱོང་འཛིན་གྲྭ་འདི་བཙུགས་ཏེ། སློབ་གྲྭ་འབྲིང་ཆུང་གི་འཛིན་གྲྭ་སོ་སོའི་འཛིན་བདག་དང་གུང་གཞོན་ཚོགས་པའི་མགོ་ཁྲིད་རིམ་པ། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་སོགས་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་ཐད་ཀྱི་ལས་བྱེད་པ་རྣམས་ལ་མཉམ་དུ་གསོ་སྦྱོང་བྱ་རྒྱུ་རེད། །