མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐིན་ཏེ་རྫོང་གིས་ཞབས་ཞུའི་ལས་རིགས་ཐད་ནས་ཞིབ་བཤེར་དང་བཅོས་སྒྱུར་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱས།

རྩོམ་པ་པོ། སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-12 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐིན་ཏེ་རྗོང་རྐ་འབའ་སུམ་མདོ་གྲོང་རྡལ་ཁོ་རྒྱ་སྡེ་བའི་མ་མཐའི་འཚོ་བའི་འགན་སྲུང་རྒན་པོ་ཉི་མ་དོན་འགྲུབ་ཀྱིས་རང་ཁྱིམ་གྱི་ཕྱུགས་རར་ཞིག་གསོ་བྱེད་པར་བྲེལ་བཞིན་འདུག སྡེ་དམངས་ཀྱི་ཚབ་བྱེད་ལས་སྒྲུབ་ཁང་གི་ཁོ་ཚོས་ཧུར་བརྩོན་གྱིས་རྗོང་དང་། གྲོང་རྡལ་ལ་ཉི་མ་དོན་འགྲུབ་ཚང་ལ་དཀའ་ངལ་ཡོད་ཚུལ་ཡར་ཞུ་བྱས་ནས་སྲིད་གཞུང་གིས་ཉི་མ་དོན་འགྲུབ་ཚང་ལ་རྨིད་བརྒྱ་དང་ཉི་ཤུ་ཡོད་པའི་ཕྱུགས་ར་ཞིག་མཁོ་འདོད་གནང་། ཉི་མ་དོན་འགྲུབ་ཀྱིས་བཤད་རྒྱུར། ཁོ་ཚོ་ནི་ཁོ་རྒྱ་སྡེ་བའི་སྡེ་དམངས་ཀྱི་ཚབ་བྱེད་ལས་སྒྲུབ་ཁང་རེད་ཟེར། ཐིན་ཏེ་རྫོང་གིས་དབུལ་ཕོངས་ཀྱི་གནས་ཚུལ་རྐང་བཙུགས་ཏེ། ཧུར་བརྩོན་སྒོས་དབུལ་སྐྱོར་གྱི་བྱ་བར་སྐུལ་འདེད་དང་། གཞི་རིམ་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་བྱ་འགུལ་ནི་མང་ཚོགས་ལམ་ཕྱོགས་ཀྱི་གཙོ་གནད་དུ་བཟུང་ནས། སྲིད་འཛིན་ཞབས་ཞུ་ལྟེ་གནས་དང་། ཞང་དང་གྲོང་རྡལ། སྡོད་ཁུལ་དབུལ་སྐྱོར། དམངས་ཕན་ཞབས་ཞུ་ལྟེ་གནས་བཅས་ཀྱིས་ནུས་པ་ཆེན་པོ་བཏོན་ཏེ། གཞི་རིམ་ལ་ཞབས་ཞུ་ལེགས་པོ་སྒྲུབ་པའི་ཕྱོགས་ལ་འབད་པ་རྒྱུན་འཁྱོངས་བྱས། རྫོངས་ཡོངས་ཀྱི་སྡེ་བ་བདུན་ཅུ་དོན་གསུམ་དུ་སྡེ་དམངས་ཀྱི་ཚབ་བྱེད་ལས་སྒྲུབ་ཁང་བཙུགས་ནས་ལས་བྱེད་པའི་ལས་རིགས་ཚབ་བྱེད་མི་སྣ་སྡེ་བའི་སྒོ་ནང་དུ་མངགས་ནས་ཞབས་ཞུ་དང་། མང་ཚོགས་ལ་སྟབས་བདེ་བསྐྲུན་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྔར་ལས་ཇེ་བཟང་དུ་བཏང་།

མིག་སྔའི་བར་དུ། ཐིན་ཏེ་རྫོང་གིས་གཞི་རིམ་དམངས་ཕན་ཞབས་ཞུའི་བྱ་འགུལ་དང་། མང་ཚོགས་ལམ་ཕྱོགས་གཙོ་གནད་དུ་བཟུང་སྟེ། སྡེ་དམངས་ཚབ་བྱེད་ལས་སྒྲུབ་ཁང་བཙུགས་པའི་ཐབས་ལམ་འདི་ལ་བརྟེན་ནས་བསྡོམས་པས་གཞི་རིམ་མང་ཚོགས་ལ་སྒོར་ཁྲི་བརྒྱད་ལྷག་གིས་ཞལ་འདེབས་ཕུལ། རོགས་སྐྱོར་དངོས་པོ་སྒོར་མོར་བཀུག་ན་འབུམ་གཅིག་དང་ཁྲི་བརྒྱད། གཞན་ཡང་། སྒོར་འབུམ་བཞི་དང་ཁྲི་བདུན་བཏང་ནས་ལུད་རྫས་དང་། ས་བོན། ཞིང་སྨན་སོགས་ཞིང་མཁོ་དངོས་རྫས་ཕུལ་ཏེ་དཀའ་ཁག་ཅན་གྱི་ཁྱིམ་ཚང་ཉིས་བརྒྱ་སོ་བརྒྱད་ལ་འཚམས་འདྲི་བྱས། དམངས་ཀྱི་དོན་དངོས་བརྒྱད་ཅུ་གྱ་གསུམ་དང་། གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ཐེངས་ལྔ། མི་ལྔ་བརྒྱ་དང་དྲུག་ཅུས་འཕྲོད་བསྟེན་ཞབས་ཞུ་ཐེངས་གཅིག མི་བདུན་བརྒྱས་ཐེངས་བཅུ་བའི་ཚན་རིག་གསོ་སྦྱོང་འཛིན་གྲྭ་སོགས་བསྡུས་པར་ཞིང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེས་ཆེར་ཐོབ།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག