མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྐང་ཚ་རྫོང་གི་ཞང་དང་གྲོང་རྡལ་གྱི་ལས་བྱེད་པས་བོད་སྐད་བསླབ་ཏེ་བློ་དཀར་གཞུང་དྲང་གིས་མང་ཚོགས་ལ་ཞབས་ཞུ་བསྒྲུབས།

རྩོམ་པ་པོ། སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-12 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གཞི་རིམ་ལས་བྱེད་པའི་བོད་སྐད་བསླབ་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་མཐོར་འདེགས་དང་། རྒྱ་རིགས་ལས་བྱེད་པའི་གཞི་རིམ་གྱི་སྐད་རིགས་བྱ་བའི་བཀག་རྒྱ་སེལ་བ། ཞིང་འབྲོག་མང་ཚོགས་ཀྱིས་སྐབས་བསྟུན་གྱི་ཏང་གི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་། དམངས་ཕན་སྲིད་ཇུས་སྣ་ཚོགས་རྒྱུས་ལོན་བྱེད་པར་ཁག་ཐག་ཧུར་བརྩོན་སྒོས་མང་ཚོགས་ཀྱི་ཞབས་ཞུའི་ཚུ་ཚད་མཐོ་རུ་གཏོང་བ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་མི་འདང་སའི་གནད་དོན་ཐག་གིས་གཅོད་ཆེད། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྗོང་ཞང་དང་གྲོང་རྡལ་གྱི་ཏང་ཨུ་དང་། སྲིད་གཞུང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་དར་སྤེལ་བྱས་པ་ནས་བཟུང་། ཧུར་ཐག་སྒོས་བྱ་བའི་རྣམ་པར་འགྱུར་ལྡོག་ཐེབས་པ་དང་། ཧུར་བརྩོན་སྒོས་ལས་བྱེད་པ་ཚོའི་བོད་སྐད་སློབ་པའི་བྱ་འགུལ་སྤེལ་བ་བརྒྱུད་ནས་ཁོ་ཚོར་བོད་སྐད་སློབ་འདོད་ཀྱི་འདུན་པ་དང་ཡིད་ཆེས་བརྟན་པོ་ཆགས།

གཞི་རིམ་ལས་བྱེད་པས་སྤྲོ་བ་ཆེན་པོའི་ངང་སློབ་སྦྱོང་བྱས་ནས་བོད་སྐད་ཀྱི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་། བོད་སྐད་སློབ་པའི་བྱ་འགུལ་ཁྲོད།ལས་བྱེད་པ་ཚོ་མཉམ་བསྲེས་བྱས་ཏེ།ཕན་ཚུན་ཁ་བརྡ་དང་། ཕན་ཚུན་ལ་སློབ་སྦྱོང་།བཟང་ངན་སྡེབ་ནས་འབད་པ་བྱས་མཐར་བོད་སྐད་ཀྱི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་བ་མ་ཟད། ཤུགས་ཆེན་པོས་ལས་བྱེད་པས་ཐད་ཀར་བོད་སྐད་ཀྱི་ལམ་ནས་མང་ཚོགས་ལ་འབྲེལ་བ་བྱེད་ཐུབ་པའི་ཆུ་ཚད་དུ་སླེབས་སུ་འཇུག་པ་དང་། ཞང་དང་གྲོལ་རྡལ་ལ་ལའི་ལས་ཁུངས་ཀྱི་ལས་བྱེད་པ་དང་། སྡེ་བའི་ལས་བྱེད་པའི་བྱ་བའི་སྙན་ཞུ་ངེས་པར་དུ་སྐད་གཉིས་ཀྱི་ལམ་ནས་ཞུ་དགོས་པ་དང་། ལས་བྱེད་པ་ཕན་ཚུན་བར་བོད་སྐད་ཀྱིས་ཁ་བརྡ་བྱེད་པ་དང་། ཉིན་རེར་བོད་སྐད་ཚིག་རེ་དང་། ཟླ་རེར་སྐད་གཉིས་ཀྱི་ལམ་ནས་ཁ་བརྡ་བྱེད་པའི་བྱ་འགུལ་སྤེལ་ཏེ། ལས་བཟོ་བའི་བོད་སྐད་ཀྱི་ཆུ་ཚད་མཐོར་འདེགས་བྱུང་ནས་བོད་སྐད་སྟབས་བདེ་རེ་བཀོལ་ནས་ཁ་བརྡ་བྱེད་ཐུབ་པ་བྱུང་། ལས་བྱེད་པའི་བོད་ཡིག་སློབ་པའི་བྱ་འགུལ་སྤེལ་བ་འདིས་སྐད་རིགས་བཤད་པར་སྦྱོང་བརྡར་ཐོབ་པར་མ་ཟད། ཤེས་བྱ་མང་པོ་ཞིག་ཀྱང་རྒྱུད་དུ་འབྱོར་སོང་། ད་དུང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་གཏིང་ཟབ་ཏུ་རྒྱ་བསྐྱེད་དེ་རྨང་གཞི་བསྐྲུན། བོད་སྐད་སློབ་པའི་བྱ་འགུལ་སྤེལ་རྗེས། ལས་བྱེད་དང་མང་ཚོགས་བར་གྱི་འབྲེལ་འདྲིས་མངོན་གསལ་སྒོས་ཇེ་མང་དུ་སོང་སྟེ། ལས་བྱེད་པ་སྡེ་བ་རུ་གནས་ཚུལ་རྒྱུས་ལོན་བྱེད་དུ་འགྲོ་བ་དང་། གཞི་རིམ་གྱི་དོན་དག་ཐག་གཅོད་ཀྱི་ནུས་པ་ཇེ་མཐོར་སོང་ནས་མང་ཚོགས་དང་ལས་བྱེད་པའི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་སོང་ནས་བྱ་བའི་ཕན་འབྲས་མངོན་གསལ་སྒོས་ཇེ་མཐོར་སོང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག