མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཅན་ཅོན་གྱིས་ཧོང་ཀྲུང་རྫོང་གི་ཡུལ་སྐོར་བྱ་བར་རྟོག་ཞིབ་བྱས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-12 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་ཧོང་ཀྲུང་རྫོང་དུ་སོང་ནས་རྫོང་དེའི་ཡུལ་སྐོར་བྱ་བར་རྟོག་ཞིབ་བྱས། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲང་ཡུང་ཧེ་དང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧོང་ཀྲུང་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཆི་ཀོང་གཉིས་མཉམ་དུ་རྟོག་ཞིབ་བྱེད་པར་སོང་། ཝང་ཅན་ཅོན་གྱིས་ཧོང་ཀྲུང་རྫོང་གིས་ཡུལ་སྐོར་ཆེ་བ་དང་ཚོང་ར་ཆེ་བ། ཐོན་ལས་ཆེ་བའི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཡུལ་སྐོར་རྩོལ་ནུས་དང་དམིགས་ནས། ཡུལ་སྐོར་ལས་རིགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རང་བྱུང་སྐྱེ་ཁམས་དང་ཡུལ་སྐོར་མཛེས་ལྗོངས་འབུར་དུ་ཐོན་པ་བྱེད་པ། སྐུ་འབུམ་དགོན་པའི་མཚན་སྙན་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ལམ་བུ་རྒྱ་བསྐྱེད་ནས། ཡུལ་སྐོར་ལས་རིགས་དེ་མི་དམངས་འབྱོར་ཕྱུག་དང་རྫོང་སྟོབས་ལྡན་དུ་བསྒྱུར་བའི་ཐོན་ལས་གཙོ་བོ་རུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཝང་ཅན་ཅོན་སོགས་ཀྱིས་སྔ་གཞུག་ཏུ་སྐུ་འབུམ་དགོན་པ་དང་བོད་ཀྱི་རིག་གནས་འཁྲབ་སྟོན་ཁང་། ཙོང་ཁའི་འགྲེམ་སྟོན་ཁང་སོགས་ལས་གཞི་ལ་རྟོག་ཞིབ་བྱས་ནས། ཡུལ་ལྗོངས་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་ལམ་ཕྱོགས་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། ལས་གཞིའི་གསར་སྤེལ་འཛུགས་སྐྲུན་དང་། ཡུལ་སྐོར་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཐད་རེ་བ་ཞིབ་ཕྲ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག