མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་མ་དངུལ་སྒོར་དུང་ཕྱུར18བཏང་ནས་ཤར་རྒྱུད་གྲོང་ཁྱེར་ཚོགས་པའི་སློབ་གསོའི་སྤྱི་བའི་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-12 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ཕྱོགས་ཡོངས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་ལྟེ་བ་བྱས་པའི་ཤར་རྒྱུད་གྲོང་ཁྱེར་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པའི་སྐོར་གྱི་ཐབས་ཇུས་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་འཛུགས་སྐྲུན་མ་དངུལ་ཧྲག་བསྡུ་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར18བཏང་ནས་གཙོ་བོ་ཤར་རྒྱུད་གྲོང་ཁྱེར་ཚོགས་པའི་སློབ་གསོའི་སྤྱི་བའི་ཞབས་ཞུ་ལགས་གཞི70ལག་བསྟར་བྱས།

སྔར་ལས་ལྷག་པའི་སྒོ་ནས་ཤར་རྒྱུད་གྲོང་ཁྱེར་ཚོགས་པའི་སློབ་གསོའི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་དང་སློབ་གསོའི་སྤྱི་བའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་ཤར་རྒྱུད་གྲོང་ཁྱེར་ཚོགས་པ་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱ་དང་འཐབ་ཇུས་ལས་འགན། བྱེད་ཐབས་གཙོ་བོ་བཅས་ལ་གཞིགས་ཏེ། ད་ལོར་མ་དངུལ་སྒོར་དུང་ཕྱུར18བཏང་ནས་གཙོ་བོ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁུལ་གསར་བ་དང་སློབ་གྲྭ་ཆུང་འབྲིང་ཚད་ལྡན་ཅན། མཐོ་རིམ་སློབ་གྲྭའི་རྨང་གཞི་སྒྲིག་ཆས། དགེ་རྒན་གྱི་འཁོར་སྤྱོད་མལ་ཁང་། དམའ་འབྲིང་སློབ་གྲྭའི་མལ་ཁང་ལེགས་བཅོས་བཟོ་འགོད། སློབ་སྔོན་སློབ་གསོར་སྐུལ་འདེད་གཏོང་བའི་བཟོ་འགོད། མི་རིགས་ས་ཁུལ་གྱི་མཐོ་འབྲིང་། འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭ། ཁྱད་དམིགས་སློབ་གསོའི་སློབ་གྲྭ། མཚོ་ཤར་ལྟེ་གནས་ཁུལ་གྱི་སློབ་གྲྭ་བཅས་རིགས་ཆེན་མོ་བཅུའི་ལས་གཞི70ལག་བསྟར་བྱས་པ་དང་། ལས་གཞིའི་སྤྱིའི་འཛུགས་སྐྲུན་གཞི་ཁྱོན་མུས་གྲུ་བཞི་མ་ཁྲི44.5ལ་སླེབས་ཡོད།

མིག་སྔར། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་མ་དངུལ་སྒོར་དུང་ཕྱུར15.8བཏང་ཡོད། སྐོར་འདིའི་ལས་གཞི་ལག་བསྟར་བྱས་པ་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཤར་རྒྱུད་གྲོང་ཁྱེར་ཚོགས་པའི་སློབ་གསོའི་སྤྱི་བའི་ཞབས་ཞུའི་ཆ་སྙོམས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སློབ་གསོའི་སྤྱི་བའི་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཤར་རྒྱུད་གྲོང་ཁྱེར་ཚོགས་པའི་ཕྱོགས་བསྡུས་བྱེད་ནུས་ཇེ་མཐོར་གཏོང་ཐུབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག