མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་པོའི“མཚོ་མཆོད་རིག་གནས་གནས་སྐོར་དུས་ཚིགས”ཚེས11ཉིན་མགོ་བརྩམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-12 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས11ཉིན། བརྗིད་ཉམས་ལྡན་པའི་ཡུལ་དངོས་བྲོ་གར་ཆེན་མོ《དྭངས་གཙང་གི་མཚོ་སྔོན་པོ》ཞེས་པ་དེ་མཚོ་སྔོན་པོའི་འགྲམ་ངོགས་སུ་མགོ་བརྩམས། ཉམས་འགྱུར་ལྡན་པའི་བྲོ་གར་གྱི་སྟངས་སྟབས་དང་གནའ་བོའི་ལོ་རྒྱུས་ཀྱི་གཏམ་རྒྱུད། མཛེས་སྡུག་གི་གྱོན་གོས་རྒྱན་ཆ་སོགས་ཀྱིས་ཕྱོགས་མང་པོ་ནས་མཚོ་སྔོན་པོའི་མཛེས་བ་མངོན་པར་མཚོན་ཤིང་། གནས་སྐོར་བའི་ཡིད་ཀྱི་དང་བ་ཅིག་ཅར་དུ་འཕྲོགས་པའི་ཁྲོད། “མཚོ་སྔོན་པོའི་མཚོ་མཆོད་རིག་གནས་གནས་སྐོར་དུས་ཚིགས”དངོས་སུ་མགོ་བརྩམས།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་པའི་གནས་སྐོར་དང་རིག་གནས། རོལ་རྩེད། སྤྲོ་འཆམ། གུང་གསེང་སོགས་ཐོན་ལས་མང་པོ་མཉམ་འདྲེས་དང་། རིག་གནས་མཚོ་སྔོན་པོའི་ཆས་རྟགས་ཀྱི་འགྲན་རྩོད་ནུས་པ་ཆགས་སུ་འཇུག་ཆེད། མཚོ་སྔོན་པོའི་ནུ་ལྕེ་མཛེས་ལྗོངས་ཁུལ་གྱིས་མཚོ་སྔོན་པོའི“མཚོ་མཆོད་རིག་གནས་གནས་སྐོར་དུས་ཚིགས”བྱ་འགུ་སྤེལ་བ་དང་། བྱ་འགུལ་ལ་མཚོ་སྔོན་པོའི་དམངས་ཁྲོད་མཚོ་མཆོད་ལ་གཟིགས་པ་དང་ཡུལ་དངོས་མཚོ་མཆོད་འཁྲབ་སྟོན་བཅས་ཚན་པ་གཉིས་སུ་བགོས་ཡོད། ཟླ7པ་ནས་ཟླ9བའི་བར་དུ་མཚོ་མཆོད་འཁྲབ་སྟོན་ལ《དྭངས་གཙང་གི་མཚོ་སྔོན་པོ》ཞེས་པ་དེ་ཉིན་རེའི་ཕྱི་དྲོར་གནས་སྐོར་བར་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་དང་། གཞན་པའི་སྣ་མང་རིག་གནས་གནས་སྐོར་ཟློས་གར་ཀྱང་དུས་མཉམ་དུ་འཁྲབ་སྟོན་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག