མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས2014ལོའི་ཤང་གྲོང་གི་གནས་སྐབས་རོགས་སྐྱོར་མ་དངུལ་སྒོར་ཁྲི2264བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-12 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཟླ7པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་དུས་ལྟར་ཞིང་ཆེན་ནོར་སྲིད་དང་མཐུན་སྦྱོར་བྱས་ཏེ2014ལོའི་ཤང་གྲོང་གི་གནས་སྐབས་འཚོ་བའི་རོགས་སྐྱོར་མ་དངུལ་སྒོར་ཁྲི2264བཏང་།

རྒྱུས་ལོན་པ་ལྟར་ན། དེའི་ནང་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་ཁྲི499དང་། ཞིང་སྡེའི་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་ཁྲི1765ཡོད་པ་དང་། ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་གྱི་བསྡུར་ཚད་ན་ནིང་ལས15.8%ཇེ་མང་ལ་སོང་ཡོད། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་གནས་སྐབས་རོགས་སྐྱོར་ལམ་ལུགས་འཛུགས་སྐྲུན་ལ་ཚད་མཐོན་པོས་མཐོང་ཆེན་བྱས་ཏེ། དངོས་གནས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་ནན་ཏན་སྒོས་སྲིད་ཇུས་གཏན་འཁེལ་ལག་བསྟར་བྱེད་པ་དང་། བྱ་བའི་དོ་དམ་ལ་ཤུགས་བསྣན་ནས་ནན་ཏན་གྱིས་བྱ་བའི་གོ་རིམ་དང་ཚད་ལྡན་དོ་དམ། རྩ་དོན་རྒྱུན་འཁྱོངས། བདེན་དྲང་དོན་དངོས་ལྟར་རོགས་སྐྱོར་ཡང་དག་བྱེད་དགོས་པ་དང་། དུས་མཚུངས་སུ་གནས་སྐབས་རོགས་སྐྱོར་མ་དངུལ་གྱི་དོ་དམ་ལ་ཤུགས་བསྣན་ཏེ་ཆེད་ཐོ་རྩིས་བཤེར་དང་ཆེད་དངུལ་ཆེད་སྤྱོད་ཀྱིས་མ་དངུལ་གཞན་དུ་བཀོལ་བ་གཏན་འགོག་བྱེད་དགོས་པ་མ་ཟད། དུས་ལྟར་མ་དངུལ་རྩིས་སྤྲོད་དང་བེད་སྤྱོད་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱས་ཏེ་དགོས་ངེས་ཀྱི་བྱ་བའི་འགྲོ་གྲོན་དངོས་འབེབས་བྱེད་པ་དང་། གནས་སྐབས་རོགས་སྐྱོར་ལམ་ལུགས་ཀྱི་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་དངོས་འབེབས་བྱེད་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག