མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མང་ཚོགས་ལམ་ཕྱོགས་སློབ་གསོའི་ཁྲོད་མིག་དཔེར་གྱུར་བའི་ཏང་ཡོན་སྦྱིན་པ།

རྩོམ་པ་པོ། དབྱངས་ཅན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-11 10:34

 IMG_1114.JPG

རྒན་པོ་སྦྱིན་པ་ཚང་གི་སྒོ་ཆེན།

IMG_1131.JPG

རྒན་པོ་སྦྱིན་པའི་ཁྱིམ་ཚང་།

IMG_1101.JPG

སོ་ནག་སློབ་གྲྭ།

IMG_1138.JPG

སྦྱིན་པ་ཚང་ནས་མར་བལྟས་ན་ཁོས་བྱིན་པའི་ས་ཐོག་ཏུ་འཛུགས་སྐྲུན་བྱས་པའི་སློབ་གྲྭའི་ཟ་ཁང་གསལ་བོར་མཐོང་ཐུབ།

IMG_1149.JPG

བྱིས་པ་ཚོའི་གདོང་ལ་འཛུམ་གྱིས་ཁེངས་ནས་སློབ་གྲྭའི་ར་སྐོར་ནང་རྩེ་བཞིན་འདུག

IMG_1120.JPG

གསར་འགོད་པ་དབྱངས་ཅན་གྱིས་རྒན་པོ་སྦྱིན་པ་བཅར་འདྲི་བྱེད་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ན་སྐོར་ཐེངས་གཉིས་པའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ཚ་ཚ་འུར་འུར་སྒོས་སྤེལ་བཞིན་པའི་སྒང་འདིར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་ཏང་ཡོན་གྱི་ཁྲོད་དུ་སྦྱིན་པ་ཟེར་བའི་བོད་རིགས་གུང་ཁྲན་ཏང་ཡོན་ཞིག་མིག་དཔེར་བཟུང་ནས་སློབ་སྦྱོང་བྱེད་བཞིན་མཆིས། ཁོང་ནི་རེབ་གོང་སོ་ནག་གི་ཡིན་ཞིང་ད་ལོ་ལོ་དོན་དགུ་ཡིན་ལ་ལྔ་སྐྱོང་ཁྱིང་ཚང་ཞིག་ཡིན་ཟེར་བས་ཁོང་ལ་བཅར་འདྲི་བྱེད་འདོད་ཀྱི་འདུན་པ་ཞིག་འགོག་མེད་དུ་སྐྱེས་བྱུང་།

    རྒན་པོ་སྦྱིན་པས་བཤད་པའི་སློབ་གྲྭ་དེ་ནི་ཏག་ཏག་ཁོ་ཚང་གི་ཞོལ་ན་ཡོད་པ་དང་། ཡར་ལངས་ཏེ་བལྟས་ན་ཁོས་སློབ་གྲྭར་བྱིན་པའི་སའི་སྟེང་དུ་ལས་པའི་ཁང་པ་དེར་ཚོན་སྔོན་པོ་བཏང་ཡོད་པས་གསལ་ལྷང་ངེར་འདུག་ལ། དེ་ནི་སློབ་གྲྭའི་ཟ་ཁང་ཡིན་ཟེར།

    སྐབས་དེར་སློབ་གྲྭའི་ནང་སློབ་གྲོགས་ཚོའི་སྤྲོ་སྐྱིད་ཀྱི་དགོད་སྒྲ་དང་སྙན་འཇེབས་ཀྱི་གླུ་སྒྲ་གྲགས་འོངས་པའི་མོད་ལ། རྒན་པོ་སྦྱིན་པས་ང་ལ་ཀུ་རེའི་ཚུལ་དུ། ང་རྒན་པོ་སྦྱིན་པར་སྦྱིན་པ་གཏོང་རྒྱུའི་རྒྱུ་མེད་ཀྱང་ངས་སྦྱིན་པ་གཏོང་བར་འདི་འདྲའི་གོ་བ་ཞིག་བླངས་ཡོད་དེ། དེ་ནི་འཛུམ་གྱི་སྦྱིན་པས་ཀུན་ལ་བདེ་སྣང་བྱིན། ངག་གི་སྦྱིན་པས་ཁ་ནས་གཞན་གྱི་ཡོན་ཏན་བརྗོད། སེམས་ཀྱི་སྦྱིན་པས་སྙིང་ནས་གཞན་ལ་ཕན་སེམས་བྱོས། ལུས་ཀྱི་སྦྱིན་པས་གཞན་ལ་རྟག་ཏུ་གུས་ཞབས་ཞུས་ཞེས་ཟེར་བས་ངའི་སེམས་ལ་རང་རེའི་རྒྱལ་ཁབ་གྱི་གུང་ཁྲན་ཏང་ཡོན་ཚང་མ་རྒན་པོ་སྦྱིན་པ་ལྟ་བུ་ཞིག་ཡིན་ཕྱིན་མང་ཚོགས་ལམ་ཕྱོགས་སློབ་གསོ་ཞེས་པའི་བྱ་འགུལ་འདི་འདྲ་ཞིག་སྒྲུབ་དགོས་སམ་བསམ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག