མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཅན་མེན་གྱིས་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་མཚོ་སྔོན་པོ་ནས་ཁྲི་ཀའི་བར་གྱི་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-11 10:31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཅན་མེན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཁྲི་ཀ་རྫོང་དུ་སོང་སྟེ་སྐབས་བཅུ་གསུམ་པའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་མི་སྣ་ཡོངས་ལ་འཚམས་འདྲི་བྱས་པ་མ་ཟད། འགོ་འཛིན་བྱས་ནས་ཆེད་དོན་གྲོས་ཚོགས་བསྡུས་ཏེ་ཐེངས་འདིའི་དུས་རིམ་སྔོན་པའི་འགྲན་སྡུར་ཐེངས་ལྔའི་བྱ་བ་སྤྱི་བསྡོམས་དང་དུས་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས།

ཀྲང་ཅན་མེན་གྱིས་འགྲན་སྡུར་བྱ་བ་སྒྲུབ་པའི་རྩ་འཛུགས་ཀྱིས་བྱ་བ་ཡར་ཞུ་བྱས་པར་ཉན་རྗེས་ཐེངས་འདིའི་དུས་རིམ་སྔོན་པའི་བྱ་བར་ཁས་ལེན་བཟང་པོ་བྱས་པ་དང་། དེའི་ཕྱོགས་ཀྱི་བྱ་བ་སྒྲུབ་མཁན་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས། ཁོས་བསྟན་དོན། མཚོ་སྐོར་ལྕགས་རྟ་འགྲན་སྡུར་ནི་མཚོ་སྔོན་དྲིལ་སྒྲོག་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་འཛམ་གླིང་དུ་སྐྱོད་པའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན་པས། ཚང་མས་དེར་ཧ་ཅང་མཐོང་ཆེན་དང་སེམས་ཞིབ་མོས་བཀོད་སྒྲིག སྟོབས་ཤུགས་ཡོད་རྒུས་འབད་བརྩོན་བཅས་བྱས་ནས་ཐེངས་འདིའི་འགྲན་སྡུར་བདེ་བླག་ངང་མཇུག་རྫོགས་པར་འགན་སྲུང་བྱ་དགོས་ཟེར།

ཀྲང་ཅན་མེན་གྱིས་ནན་གྱིས་བསྟན་དོན། ཕན་ཚུན་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པར་ཤུགས་བསྣན་ནས་བྱ་བའི་ཚན་ཆུང་སོ་སོའི་བར་དང་འགྲན་སྡུར་རུ་ཁག་སོ་སོའི་བར། ཀན་སུའུ་དང་ཉིན་ཞ་གཉིས་ཀྱི་བྱ་བ་འབྲེལ་མཐུད་བྱེད་པར་དོ་སྣང་བྱས་ནས་བྱ་བ་སོ་སོ་དངོས་འབེབས་ལེགས་པོ་བྱས་ཏེ་གནད་དོན་སྤུ་ཙམ་ཡང་མི་འབྱུང་བར་འགན་སྲུང་བྱ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག