མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ད་ལོའི་ལོ་སྟོད་ཀྱི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་གནས་བབ་ལ་དབྱེ་ཞིབ་བྱེད་པའི་གྲོས་ཚོགས་བསྡུས།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-11 10:31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ད་ལོའི་ལོ་སྟོད་ཀྱི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་གནས་བབ་ལ་དབྱེ་ཞིབ་བྱེད་པའི་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལའོ་ཡུས་ལིན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ནས་བསྟན་དོན། ད་ལོ་ནས་བཟུང་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ཁེ་ལས་སོ་སོས་ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་བྱས་ནས་བརྟན་འཇགས་ཁྲོད་དུ་ཡར་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བརྟན་འཇགས་ངང་འཕར་སྣོན་འབྱུང་བ་དེ་གོ་གནས་དང་པོར་བཞག་ནས་མཐུན་སྦྱོར་བྱེད་པའི་བྱ་བ་ཇེ་ལེགས་སུ་གཏོང་བ་དང་རིགས་བགར་ནས་མཛུབ་སྟོན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བརྟན་འཇགས་ངང་འཕར་སྣོན་འབྱུང་བ་མངོན་འགྱུར་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་སྔར་བཞིན་རྙོག་འཛིང་ཆེ་བ་དང། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ཁེ་ལས་སོ་སོ་བཅས་ཀྱིས་ནན་ཏན་སྒོས་དབྱེ་ཞིབ་དང་ཚན་རིག་ལྟར་དེང་སྐབས་ཀྱི་གནས་བབ་ལ་ཞིབ་འཇུག་དང་བརྡར་ཤ་བཅད་དེ་ནུས་ལྡན་བྱེད་ཐབས་སྤྱད་ནས་བཟོ་ལས་དཔལ་འབྱོར་བརྟན་འཇགས་ངང་འཕར་སྣོན་འབྱུང་བར་འགན་སྲུང་བྱ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག