ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ཞིབ་དཔྱོད་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུངས་བཤད་དགོངས་དོན་རབ་དང་རིམ་པར་སློབ་སྦྱོང་བྱེད་པའི་བརྗེ་རེས་བགྲོ་གླེང་ཚོགས་འདུ་ཟླ་བདུན་པའི་ཚེས་བཅུ་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་གྱིས་གཏམ་བཤད།
རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུངས་བཤད་དགོངས་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་དོ་སྣང་ཆེན་པོ་བྱེད་པ་དང་། ཕན་ནུས་ལྡན་པའི་སློབ་སྦྱོང་བརྒྱུད་ནས། བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་འདུ་ཤེས་དང་སྤྱི་ཁོག་གི་འདུ་ཤེས་ཇེ་དྲག་དང་། ཏང་གིས་ཏང་ལ་དོ་དམ་དང་ནན་ཏན་གྱིས་ཏང་བཅོས་སྐྱོང་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུངས་བཤད་དགོངས་དོན་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་དང་ཟུང་འབྲེལ་བྱེད་པ། རང་ས་ཁུལ་དང་རང་སྡེ་ཁག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་བྱ་བའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ནས། ཡང་དང་བསྐྱར་དུ་སློབ་སྦྱོང་དང་ནན་ཏན་གྱིས་སློབ་སྦྱོང་། གཏིང་ཟབ་ཏུ་སློབ་སྦྱོང་བྱེད་དགོས་ཟེར། །