ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱིས་ཚོགས་འདུ་བསྡུས་ནས། ཞིང་ཆེན་དམག་ཁུལ་མགོ་ཁྲིད་ཚན་ཁག་ལ་ལེགས་སྒྲིག་བྱེད་པའི་བཀའ་བརྡ་བཏང་། ལན་ཀྲིག་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་གཞོན་པ་ཞུས་ལིན་ཕེན་གྱིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀའ་བརྡ་མར་བསྒྲགས་ནས། ལིས་ཉིན་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་དུ་བསྐོས་པ་དང་། ཝུའུ་ཡུས་ཏི་ཧྲན་ཞི་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་དུ་བསྐོས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ལོ་ཧོས་ཉིན་དང་། ཞུས་ལིན་ཕེན་གཉིས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ལིས་སུང་ཧྲན་གྱིས་ཚོགས་འདུར་མགོ་འཛིན་བྱས། །