ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་བྱང་ཁུལ་ཆི་ལེན་རྫོང་མུ་རི་གྲོང་རྡལ་གྱི་ཕ་མ་གམ་དུ་མེད་པའི་བྱིས་པ་ཉེར་ལྔ་ལ་སློབ་ཡོན་ཐད་རོགས་སྐྱོར་བྱས་པ་རེད།
ཤེས་གསལ་ལྟར་ན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐེངས་འདིར་རོགས་སྐྱོར་བྱས་པའི་ཕ་མ་གམ་དུ་མེད་དུ་བྱིས་པ་ཉེར་ལྔ་ནི་མུ་རི་གྲོང་རྡལ་གྱི་བཅའ་སྡོད་སློབ་གྲྭའི་ལོ་རིམ་བཞི་བའི་སློབ་མ་ཡིན་ལ། ཁོ་ཚོའི་ཕ་མ་དུས་རྒྱུན་དུ་ས་ཆ་གཞན་ལ་ཞོར་ལས་བྱེད་དུ་སོང་ནས་ནམ་རྒྱུན་ཁོ་ཚོའི་གམ་དུ་མེད་པས། འཚོ་བ་དང་སློབ་སྦྱོང་ཐད་དཀའ་ངལ་ཆེན་པོ་ཡོད་པ་རེད། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱིས་པ་འདི་ཚོར་ལོ་གསུམ་གྱི་རིང་དུ་རྒྱུན་ཆད་མེད་པར་ལོ་རེར་སྒོར་བཞི་བརྒྱ་ཡིས་རོགས་སྐྱོར་བྱེད་རྒྱུ་རེད་ལ། ད་དུང་ཞིང་ཆེན་དང་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་རོགས་སྐྱོར་བྱེད་པར་འབོད་སྐུལ་གཏོང་བཞིན་ཡོད་པ་རེད། །