མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སོ་སོའི་ན་གཞོན་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་བསྲིང་དང་ལག་བསྟར་བྱེད་པར་གྲོས་བསྡུར་བྱས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-10 11:27

ཀྲུང་ག་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་དགུ་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སོ་སོའི་ན་གཞོན་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་བསྲིང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོའི་ན་གཞོན་ལྔ་བཞིའི་བྱ་དགའ་ཐོབ་མཁན་དང་རྒྱལ་ཡོངས་ཀྱི་ཆེས་མཛེས་བའི་ན་གཞོན་ལས་བཟོ་བ། རྒྱལ་ཡོངས་ས་འགུལ་གནོད་སྐྱོབ་དཔའ་བོ་དཔེ་ལེགས་ཅན། ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། ཕུལ་དུ་བྱུང་བའི་ལས་བསྐྲུན་གྱི་སྣེ་ཁྲིད་པ། ལས་སྐྲུན་ན་གཞོན། ཕུལ་བྱུང་ན་གཞོན་དང་བླངས་པ། རང་སྟོབས་རང་སྤེལ་གྱི་སློབ་གྲྭ་ཆེན་མོ་བ། གུང་གཞོན་ཚོགས་པའི་ཕུལ་བྱུང་ལས་བྱེད་པའི་འཐུས་མི་སོགས་གདན་འདྲེན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཅི་ལྟར་སྐྱེད་བསྲིང་དང་ལག་བསྟར་བྱེད་པའི་ཐད་ནས་བགྲོ་གླེང་བྱས།

ཚོགས་ཐོག་ནས། ལས་རིགས་སོ་སོའི་ན་གཞོན་ཚོས་ལང་ལོང་གིས་ལས་གནས་ཀྱི་འགན་ནུས་དང་བྱ་བའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད། ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། ཐུན་རིན་རྫོང་དང་བླངས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ལིས་ཁང་གིས་དང་བླངས་པའི་ཞབས་ཞུའི་སྐོར་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ཐད་ཀྱི་ངོས་ཟིན་གླེང་བ་དང་། ཁོས་དང་བླངས་ཞབས་ཞུའི་དགོངས་དོན་ལག་བསྟར་བྱེད་རྒྱུ་ནི། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་འཛུགས་སྐྲུན་བྱེད་པའི་དངོས་ཡོད་ལག་ལེན་ཡིན་སྙམ་པ་དང་། རྒྱལ་ཡོངས་ལྔ་བཞིའི་ན་གཞོན་བྱ་དགའ་ཐོབ་མཁན། རྒྱལ་ཡོངས་ཀྱི་ཆེས་མཛེས་བའི་མེ་གསོད་པ། ཡུས་ཧྲུའུ་ཁུལ་མེ་གསོད་རུ་ཁག་འབྲིང་བའི་ཆབ་སྲིད་མཛུབ་སྟོན་པ་ཏུའུ་ཧྲི་ཧེ་ཡིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་ན། ཁ་ནས་བཤད་པ་ཙམ་གྱིས་མི་ཆོག་པར་ངེས་པར་དུ་ལག་ལེན་དུ་བསྟར་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག