ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འདི་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་རྒྱལ་ཁབ་ཀྱི་ནུབ་ཕྱོགས་གསར་སྤེལ་བྱེད་པ་དང་། མཚོ་སྔོན་སོགས་བོད་ཁུལ་དག་གི་སྤྱི་ཚོགས་དཔལ་འབྱོར་ཐད་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་པ། ཧྲེང་ཧེ་ཡིས་ཁ་གཏད་དེ་རོགས་སྐྱོར་བྱེད་པ། དེ་མིན་ད་དུང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་སོགས་ཀྱིས་མགོ་ལོག་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ཐད་ཤུགས་ཆེན་པོས་རོགས་སྐྱོར་བྱེད་པ་སོགས་ཀྱི་གོ་སྐབས་ཡོད་ཚད་དམ་འཛིན་བྱས་ནས། ཤུགས་གང་ཡོད་སྒོས་སློབ་གསོའི་ཐད་ལ་འབད་འབུངས་བྱས་ཏེ། སྔ་གཞུག་ཏུ་སློབ་གྲྭ་འབྲིང་ཆུང་ཀུན་ཚད་ལྡན་ངང་འཛུགས་སྐྲུན་བྱེད་པ་དང་། བདེ་འཇགས་ཡིན་པའི་སློབ་མའི་ཉལ་ཁང་འཛུགས་སྐྲུན་བྱེད་པ། ཧྲེང་ཧེའི་ཁ་གཏད་རོགས་སྐྱོར་བྱེད་པའི་འཛུགས་སྐྲུན། ད་དུང་སློབ་སྔོན་སློབ་གསོ་ཐད་ཀྱི་ཁང་བ་འཛུགས་སྐྲུན་བྱེད་པ་སོགས་ལས་གཞིའི་རྣམ་གྲངས་ཡོད་ཚད་རེ་རེ་བཞིན་ལག་བསྟར་བྱས་པས། གཅིག་སྒྲིལ་རྫོང་གི་སློབ་གྲྭ་ཡོད་ཚད་ཀྱི་ཆ་རྐྱེན་ཇེ་བཟང་ཇེ་ལེགས་དུ་སོང་ཡོད་པ་རེད།
ཤེས་གསལ་ལྟར་ན། ད་ལོར་གཅིག་སྒྲིལ་རྫོང་གིས་ཡང་བསྐྱར་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་བཞི་ལོའི་བོད་ཁུལ་ལ་རོགས་སྐྱོར་བྱེད་པའི་སྐབས་དང་པོའི་ཆེད་དོན་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་གསུམ་འབུམ་བརྒྱད་ཁྲི་ལྔ་ལྷག་ལག་ཏུ་ཐོན་ཡོད་ལ། དེས་གཅིག་སྒྲིལ་རྫོང་ཐོག་གི་སློབ་གྲྭ་ཡོངས་དང་། ཞིང་སོ་སོ་དང་སྡེ་བ་སོ་སོའི་སློབ་གྲྭ་ཡོངས་ཀྱི་སློབ་ཁང་དང་ཉལ་ཁང་། རྩལ་སྦྱང་ར་བ་སོགས་འཛུགས་སྐྲུན་གང་ལེགས་བྱེད་རྒྱུ་ཡིན་ལ། གཅིག་སྒྲིལ་རྫོང་ཡོངས་ཀྱི་སློབ་གྲྭ་ཡོད་ཚད་གསར་འཛུགས་བྱེད་པའི་སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གཉིས་ཙམ་དུ་སླེབས་ཡོད་པ་རེད།
མིག་སྔར། སྐབས་དང་པོའི་བོད་ཁུལ་ལ་རོགས་སྐྱོར་བྱེད་པའི་ལས་གཞི་ཡོད་ཚད་ཀྱི་གྲྭ་སྒྲིག་གི་བྱ་བ་དངོས་སུ་འགྲུབ་ནས་ཟླ་བདུན་པའི་ཟླ་མཇུག་བར་མངོན་གསལ་སྒོས་སུས་འཇོན་དེ་འགུག་བྱེད་རྒྱུ་རེད་ལ། ཟླ་བརྒྱད་པའི་ཟླ་མགོ་ནས་ལས་གཞི་ཡོད་ཚད་དངོས་སུ་ལས་མགོ་རྩོམ་རྒྱུ་རེད། །