མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

པེ་ཅིན་ཙོང་ཁ་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་དང་རྨ་ལྷོ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་བར་རེབ་གོང་རིག་གནས་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་པའི་འགན་དབང་མིང་འགོད་མཛད་སྒོ་བསྡུས།

རྩོམ་པ་པོ། དཔའ་བརྟན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-10 10:49

6.jpg

པེ་ཅིན་ཙོང་ཁ་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་དང་རྨ་ལྷོ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་བར་རེབ་གོང་རིག་གནས་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་པའི་འགན་དབང་མིང་འགོད་མཛད་སྒོ་བསྡུས།

3.jpg

པེ་ཅིན་ཙོང་ཁ་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་དང་རྨ་ལྷོ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་བར་འགན་དབང་མིང་རྟགས་བཀོད་པ།

2.jpg

པེ་ཅིན་ཙོང་ཁ་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་དང་རྨ་ལྷོ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་བར་རེབ་གོང་རིག་གནས་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་པའི་འགན་དབང་མིང་འགོད་མཛད་སྒོ་བསྡུས།

4.jpg

པེ་ཅིན་ཙོང་ཁ་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་རིག་འཛིན་རྒྱ་མཚོ།

5.jpg

པེ་ཅིན་ཙོང་ཁ་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་རིག་འཛིན་རྒྱ་མཚོ་དང་ཀུང་ཟིའི་ལས་བྱེད་མི་སྣས་རེབ་གོང་རིག་གནས་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་པའི་འགན་ལེན་དཔང་ཡིག་དེང་ལེན་བྱས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་པེ་ཅིན་ཙོང་ཁ་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་། རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ། རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་པའི་པེ་ཅིན་ཙོང་ཁ་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟིར་རེབ་གོང་རིག་གནས་ཕྱི་ཕྱོགས་ལ་དྲིལ་སྒྲོག་བྱེད་པའི་འགན་དབང་འཛིན་ཡིག་སྟེར་བའི་མིང་འགོད་མཛད་སྒོ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་གསོལ་མགྲོན་ཁང་དུ་བསྡུས།

    པེ་ཅིན་ཙོང་ཁ་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་ནི་ན་གཞོན་ཁེ་ལས་པ་རིག་འཛིན་རྒྱ་མཚོས་ལོ་ངོ་དུ་མའི་རིང་ལ་རང་ཉིད་ཀྱི་འབད་བརྩོན་དང་རྒྱལ་ཁབ་ཕྱི་ནང་གི་རིག་གནས་དྲིལ་སྒྲོག་བྱེད་པའི་ཀུང་ཟི་དང་སྡེ་ཁག་སོགས་ལ་དཔེ་ལྟ་དང་ཉམས་མྱོང་བསྡུ་ལེན་བྱས་ཏེ་བཙུགས་པའི་བོད་རང་གི་རིག་གནས་གཙོར་བཟུང་ནས་ཕྱི་ཕྱོགས་ལ་དྲིལ་སྒྲོག་དང་བརྗེ་རེས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། ལོ་ངོ་དུ་མའི་རིང་ལ་མི་རིགས་རང་གི་རིག་གནས་སྤྱི་དང་ནང་སྒོས་སུ་རེབ་གོང་རིག་གནས་དར་སྤེལ་དང་དྲིལ་སྒྲོག་བྱེད་པའི་ཐད་ལ་བྱས་རྗེས་མི་དམན་པ་བཞག་ཡོད། ཐེངས་འདིར་རྨ་ལྷོ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེག་ཁག་བར་ཆེད་དུ་དྲིལ་སྒྲོག་འགན་དབང་གི་མིང་རྟགས་བཀོད་པ་དེས་སྔར་ལས་ལྷག་པའི་སྒོ་ནས་རེབ་གོང་སྒྱུ་རྩལ་གྱི་ཕྱི་ཕྱོགས་སྣང་བརྙན་དང་མཚན་སྙན་མཐོར་འདེགས་སུ་གཏོང་བ་དང་རྒྱལ་ཁབ་ཕྱི་ནང་དུ་རིག་གནས་དྲིལ་སྒྲོག་བྱེད་པར་ཤུགས་སྣོན་པ། ཕྱི་ཕྱོགས་ལ་བརྗེ་རེས་དང་ཆ་འཕྲིན་མཉམ་སྤྱོད། རེབ་གོང་སྒྱུར་རྩལ་དང་རེབ་གོང་རིག་གནས་གནས་སྐོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། མ་འོངས་བའི་རེབ་གོང་སྒྱུར་རྩལ་གྱི་ཕྱི་ཕྱོགས་དྲིལ་སྒྲོག་དང་སྲུང་སྐྱོབ་ཞིབ་འཇུག་སོགས་ཀྱི་ཐད་ལ་ཐུན་མོང་མ་ཡིན་པའི་ནུས་པ་ཐོན་ཐུབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག