མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་ལྗོངས་དང་ཞིན་ཅང་ལ་འབྲེལ་བའི་ཁྲིམས་འགལ་པར་སྐྲུན་ཐོན་རྫས་དང་དྲིལ་སྒྲོག་དངོས་རྫས་བཀག་སྡོམ་དང་དེར་རྡུང་རྡེག་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-10 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་ལྗོངས་དང་ཞིན་ཅང་ལ་འབྲེལ་བའི་ཁྲིམས་འགལ་པར་སྐྲུན་ཐོན་རྫས་དང་དྲིལ་སྒྲོག་དངོས་རྫས་བཀག་སྡོམ་དང་དེར་རྡུང་རྡེག་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟླ་བདུན་པའི་ཚེས་བརྒྱད་ཉིན་ཟི་ལིང་ནས་ཚོགས། རྒྱལ་ཡོངས་འཆལ་འཕྱག་འགལ་རྡུང་བྱ་བའི་ཚན་ཆུང་གི་ཆེད་བསྐོས་ཚན་གཙོ་གཞོན་པ་ལིས་ཁྲང་ཅང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མཱ་ཅ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ད་ལོའི་ཞིང་ཆེན་ཡོངས་ཀྱི་འཆལ་འཕྱག་འགལ་རྡུང་བྱ་བའི་ཐད་ནས་རང་འགུལ་དབང་ཆ་དམ་པོར་བཟུང་སྟེ། རྩ་འཛུགས་མགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་དང་། འགན་འཁྲིའི་འདུ་ཤེས་གསལ་བོ་བྱེད་དགོས་པ་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་ཡོངས་འཆལ་འཕྱག་འགལ་རྡུང་བྱ་བའི་ཚན་ཆུང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་ལག་ལེན་མཐར་ཕྱིན་བྱས་ནས། འདུ་ཤེས་འཛིན་སྟངས་བདེ་འཇགས་དང་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ལ། བོད་ལྗོངས་དང་ཞིན་ཅང་ལ་འབྲེལ་བའི་ཁྲིམས་འགལ་པར་སྐྲུན་ཐོན་རྫས་དང་དྲིལ་སྒྲོག་དངོས་རྫས་ལ་རྡུང་རྡེག་ནན་མོ་བྱེད་དགོས། ས་ཁུལ་གང་དང་སྡེ་ཁག་གང་ཡིན་རུང་། ཁྲིམས་འགལ་པར་སྐྲུན་ཐོན་རྫས་དང་དྲིལ་སྒྲོག་དངོས་རྫས་མཐོང་ཚེ། ངེས་པར་དུ་རྩད་གཅོད་ནན་མོ་བྱས་ཏེ། དེ་གང་སར་ཁྱབ་པར་གཏན་ནས་བཀག་སྡོམ་བྱེད་དགོས་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག