མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

«ཡུལ་ཤུལ་ལང་ཚོའི་ཕྱི་མིག་ཅེས་པའི»སྙན་ངག་དུས་ཆེན་དང་ཐང་བོད་གནའ་ལམ་སྙན་ངག་དུས་ཆེན་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-07-10 10:41

1、诗刊社“玉树•青春回眸”诗会暨第二届中国•玉树唐蕃古道诗歌节召开_副本.jpg

སྙན་ངག་དུས་ཆེན་སྡུད་བཞིན་པའི་ཡུལ་དངོས།

4、诗刊社“玉树•青春回眸”诗会暨第二届中国•玉树唐蕃古道诗歌节召开_副本.jpg

སྙན་ངག་འདུ་ཚོགས་ཀྱི་ཡུལ་དངོས།

20140708_100247.jpg

ལང་ཚོའི་ཕྱི་མིག་ཅེས་པའི་སྙན་ངག་གླེང་སྟེགས་བསྡུས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ལྔ་ཉིན་ནས་ཚེས་བརྒྱད་ཉིན། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་སྙན་ངག་དུས་དེབ་ཁང་དང་མཚོ་སྔོན་ཡུལ་ཤུལ་ཁུལ་དྲིལ་སྒྲོག་པུའུ་གཉིས་ཀྱིས་གཙོ་བསྒྲུབས་དང་། ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཡུལ་ཤུལ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འགན་བསྒྲུབས་གནང་བའི་སྐབས་ལྔ་པའི«ཡུལ་ཤུལ་ལང་ཚོའི་ཕྱི་མིག་ཅེས་པའི»སྙན་ངག་དུས་ཆེན་དང་སྐབས་གཉིས་པའི་ཀྲུང་གོའི་ཡུལ་ཤུལ་ཐང་བོད་གནའ་ལམ་སྙན་ངག་དུས་ཆེན་དེ་ཡུལ་ཤུལ་དུ་བསྡུས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཀྲང་ཅི་ཏིས་མ་ཅཱ་དང་།  ཧུའུ་ཏི་ཆིན། ལཱི་ནན་སོགས་རྒྱལ་ཡོངས་ཀྱི་ཡུལ་སོ་སོ་ནས་ཡོང་བའི་སྙན་ངག་པ་གྲགས་ཅན་དང་། དབང་ཕྱུག་ཚེ་བརྟན།  ཨ་ལྡོང་དཔལ་རྡོ་ཐར། གངས་ཅན་གསོམ་སྡོང་སོགས་བོད་ཀྱི་སྙན་ངག་པ་གྲགས་ཅན་རྣམས་སྙན་ངག་འདུ་ཚོགས་སྟེང་ཞུགས་ཡོད་པ་རེད།

    ཐེངས་འདིའི་སྙན་ངག་འདུ་ཚོགས་སྟེང་ཐང་བོད་གནའ་ལམ་གྱི་རྩོམ་རིག་བྱ་དགའ་དང་དབྱངས་ཅན་མ་རྟགས་མའི་སྙན་ངག་བྱ་དགའ་གནང་བའི་བྱེད་སྒོ་སྤེལ་བར་མ་ཟད། «སྙན་ངག་དུས་དེབ»དང«ཁམས་པ་རྩོམ་རིག»གིས«ཁམས་པ་རྩོམ་རིག»གི་གྲོས་ཞིབ་ཚོགས་འདུ་བསྡུས་ནས།«ཁམས་པ་རྩོམ་རིག»མུ་མཐུད་དུ་གོང་འཕེལ་དང་། ཡུལ་ཤུལ་གྱི་གཙང་གསུམ་འབྱུང་ཡུལ་རིག་གནས་གནས་སྐོར་ཐོན་ཁུངས་དྲིལ་སྒྲོག་བྱེད་པ། ཡུལ་ཤུལ་ས་ཁུལ་གྱི་ཁྱད་འཕགས་རིག་གནས་མཚོན་རྟགས་བསྐྲུན་པའི་ཐད་བགྲོ་གླེང་རྒྱ་ཆེན་པོ་གནང་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག