མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕ་མ་གམ་དུ་མེད་པའི་བྱིས་པ་དང་བདག་མེད་ལོ་ལོན། དཀའ་ངལ་ཆེ་བའི་མ་ཡུམ་བཅས་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ།

རྩོམ་པ་པོ། རྡོ་རྗེ་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-09 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི«སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཐོ་སྒང་དུ་ལྷུག་པར་བཞད»ཅེས་པའི་མཚོ་ཤར་ཁུལ་གྱི་ཕ་མ་གམ་དུ་མེད་པའི་བྱིས་པ་དང་བདག་མེད་ལོ་ལོན། དཀའ་ངལ་ཅན་གྱི་མ་ཡུམ་བཅས་ལ་མ་སྐུལ་དང་ལེན་སྒོས་རོགས་སྐྱོར་བྱེད་པའི་བྱ་འགུལ་མཚོ་ཤར་ཁུལ་ཧུའུ་ཀྲུའུ་རྫོང་ཐང་ཁྲོན་གྲོང་རྡལ་གྱི་གོ་ཆང་སྡེ་བ་རུ་སྤེལ།

བྱ་འགུལ་ཁྲོད། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་གནས་ཁག་གི་མ་སྐུལ་དང་ལེན་སྒོས་རོགས་སྐྱོར་བྱེད་མཁན་གྱི་དང་བླངས་པ་རྣམས་ལ་དགའ་རྟགས་ཀྱི་དར་ཆ་བྱིན་པ་དང་། ཕ་མ་གམ་དུ་མེད་པའི་བྱིས་པ་དང་བདག་མེད་ལོ་ལོན། དཀའ་ངལ་ཆེ་བའི་མ་ཡུམ་བཅས་ལ་གྱོན་གོས་དང་འཚོ་བའི་མཁོ་རྫས། དེ་མིན་ད་དུང་དཔེ་ཁུག་དང་ཡིག་ཆས་སོགས་དངོས་པོ་མང་པོ་བྱིན་པར་མ་ཟད། མི་དམངས་ལ་ལྟ་རྒྱུ་ལྟད་མོ་མང་བའི་རིག་རྩལ་ལྷན་ཚོགས་ཤིག་ཀྱང་བསྒྲུབས་པ་རེད།

ཤེས་གསལ་ལྟར་ན། བྱ་འགུལ་འདི་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བ་ཁྱབ་བསྒྲགས་དང་དར་སྤེལ་བྱེད་པ་དམིགས་འབེན་དུ་བཟུང་ནས། མི་དམངས་མང་ཚོགས་བྱམས་དང་སྙིང་རྗེའི་ཕྱོགས་སུ་སྣེ་ཁྲིད་བྱས་ནས་ཡུལ་གྲུ་ཀུན་ལ་ཀུན་སྤྱོད་དང་དར་སྲོལ་ལེགས་པོ་ཞིག་འབྱུང་ཆེད་བསྒྲུབ་པ་ཞིག་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག