ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ད་ལོར་བགྲེས་སོང་བདེ་ཐང་ཡིག་ཚགས་འཛུགས་པ་དང་རྒན་གསོ་འགན་སྲུང་ཁྱབ་ཚད་རྒྱ་བསྐྱེད་པ། སྨན་རྫས་རིན་གོང་ཚོད་འཛིན་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ། རིམ་བཞིན་ཤང་གྲོང་རྒན་གསོའི་ཁུར་བོ་ལྕི་བ་དང་ཕྱོགས་ཡོངས་ལ་ཁྱབ་མེད་པ། བདེ་ཐང་ཞབས་ཞུ་དོན་འཁྱོལ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་ཤང་གྲོང་གི་རྒན་གསོ་ཞབས་ཞུ་མ་ལག་སྔར་བས་འཐུས་ཚང་དུ་བཏང་།
ད་ལོའི་ཚུན་ནས་བཟུང་། ཐུན་ཏེ་རྫོང་གིས་བྱ་བར་ཤུགས་སྣོན་པ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་རྒན་གསོའི་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་ནས་རྒན་གསོའི་ཞབས་ཞུ་ལས་རིགས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། བྱེ་བྲག་གི་ལག་བསྟར་ཁྲོད། རྫོང་ཡོངས་ཀྱི་ལོ65ཡན་གྱི་བགྲེས་སོང་ལ་བདེ་ཐང་ཡིག་ཚགས་བཟོས་པ་མ་ཟད་འཁོར་སྐྱོད་དོ་དམ་ལག་བསྟར་བྱས། དུས་མཚུངས་སུ་རྒན་གསོ་འགན་སྲུང་གི་ཁྱབ་རྒྱ་སྔར་ལས་ཇེ་ཆེར་བཏང་ནས་རྒན་གསོ་འགན་སྲུང་དེ་གྲོང་རྡལ་ལ་ཞབས་ཞུ་ནས་གཅིག་གྱུར་གྱིས་ཤང་གྲོང་ལ་ཞབས་ཞུ་བྱེད་པའི་འགྱུར་ལྡོག་གལ་ཆེན་མངོན་འགྱུར་བྱས་ཤིང་། ཤང་གྲོང་སྡོད་དམངས་ཀྱི་རྒན་གསོ་འགན་སྲུང་ནང་འགན་སྲུང་བྱེད་དགོས་པའི་མི30451ཡོད་པ་དང་། རྒན་གསོ་མ་དངུལ་སྒོར་ཁྲི4.94བསྡུས་ནས་ཤང་གྲོང་སྡོད་དམངས་མི4472ལ་རྒན་གསོ་འགན་སྲུང་མ་དངུལ་སྒོར་ཁྲི231.63བྱིན།
མིག་སྔའི་བར་དུ། རྫོང་ཡོངས་སུ་བསྡོམས་པས་ཤོག་བུའི་བདེ་ཐང་ཡིག་ཚགས་ཁྲི6.14བཟོས་ཡོད་པ་དང་། གློག་རྡུལ་བདེ་ཐང་ཡིག་ཚགས་ཁྲི6.18ཡོད་པས་ཡིག་ཚགས་བཟོས་ཚད95%ལ་སླེབས་ཡོད། །