མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་བཅུ་བའི་རྒྱལ་ཡོངས་དམངས་ཁྲོད་ཁྲིམས་ལུགས་དང་མི་རིགས་ཡུལ་སྲོལ་ཁྲིམས་ལུགས་རིག་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-07-08 11:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས7ཉིན། མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་ལུགས་སློབ་གླིང་དང་ཀྲུང་ནན་སློབ་ཆེན་ཁྲིམས་ལུགས་སློབ་གླིང་། པེ་ཅིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དམངས་ཁྲོད་ཁྲིམས་ལུགས་དང་ཁྲིམས་ལུགས་བྱེད་ཐབས་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་སྐབས་བཅུ་བའི་རྒྱལ་ཡོངས་དམངས་ཁྲོད་ཁྲིམས་ལུགས་དང་མི་རིགས་ཡུལ་སྲོལ་ཁྲིམས་ལུགས་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་སྐུ་ཞབས་ཡན་ཚུན་ཧྲིན་གྱི་ཁྲིམས་ལུགས་སྤྱི་ཚོགས་རིག་པའི་བསམ་བློ་བགྲོ་གླེང་ཚོགས་འདུ་དེ་མཚོ་སྔོན་མི་རིགས་སློབ་ཆེན་ནས་བསྡུས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་ཉིན་གཉིས་ལ་ཚོགས་རྒྱུ་ཡིན་པ་དང་། པེ་ཅིན་དང་ཧྲང་ཧེ། ཀན་སུའུ། ཧུའུ་ནན་སོགས་ས་ཁུལ་གྱི་ཁྲིམས་ལུགས་རིག་པའི་ཆེད་མཁས་པ་དང་རྒྱལ་ཡོངས་སློབ་ཆེན་སོ་སོའི་ཁྲིམས་ལུགས་སློབ་གླིང་གི་དམངས་ཁྲོད་ཁྲིམས་ལུགས་དང་མི་རིགས་ཡུལ་སྲོལ་ཁྲིམས་ལུགས་རིག་པའི་ཞིབ་འཇུག་པའི་འཐུས་མི་བགྲོ་གླེང་ཚོགས་འདུ་ལ་ཞུགས་ཡོད། ཚོགས་འདུའི་སྟེང་། ཆེད་མཁས་པ་རྣམས་ཀྱིས་ཕྱོགས་མི་འདྲ་བའི་སྒོ་ནས་དམངས་ཁྲོད་ཁྲིམས་ལུགས་དང་མི་རིགས་ཡུལ་སྲོལ་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་ནང་ས་ཁོངས་ཁྲིམས་སྐྱོང་འཛུགས་སྐྲུན་དང་མི་རིགས་འགལ་ཟླ་ཐག་གཅོད་ལམ་ལུགས། ས་ཁོངས་སྐྱེ་ཁམས་ཁྲིམས་སྑྱོང་། ས་ཁོངས་ཚོང་ར་ཁྲིམས་སྐྱོང་། མི་རིགས་ས་ཁུལ་གྱི་ངལ་རྩོལ་འབྲེལ་བ་ལེགས་བཅོས། སྐུ་ཞབས་ཡན་ཚུན་ཧྲིན་གྱི་ཁྲིམས་ལུགས་སྤྱི་ཚོགས་རིག་པའི་བསམ་བློ་དང་ཀྲུང་གོ་ཁྲིམས་སྐྱོང་སོགས་ཀྱི་གྲོས་དོན་ལ་གྲོས་ཞིབ་བྱས། བགྲོ་གླེང་ཚོགས་འདུའི་ཞིབ་འཇུག་ནང་དོན་དང་ཞིབ་འཇུག་གི་ཐབས་ལམ་ཕུན་སུམ་ཚོགས་པས། རྒྱལ་ཡོངས་དམངས་ཁྲོད་ཁྲིམས་ལུགས་དང་མི་རིགས་ཡུལ་སྲོལ་ཁྲིམས་ལུགས་ལ་ཞིབ་འཇུག་བྱེད་པའི་ཆེད་མཁས་པའི་ཕན་ཚུན་བར་ལྟ་ཚུལ་བརྗེ་རེས་བྱེད་པའི་ཚོགས་འདུ་གཙོ་བོ་ཞིག་ཏུ་གྱུར་ཡོད།  ། 

 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག