མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཁག་གིས་ཞིང་ཆེན་ཡོངས་སུ་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-08 11:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ནས་ཟླ་བདུན་པའི་ཚེས་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་གྱིས་རྟོག་ཞིབ་ཚན་ཁག་ཁྲིད་དེ་ཞིང་ཆེན་ཡོངས་ཀྱི་ཟས་རིགས་བདེ་འཇགས་ལྟ་རྟོག་དོ་དམ་བྱ་བར་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཁག་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་འབྲེལ་ཡོད་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་མ་ཟད་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར། རྨ་ལྷོ་ཁུལ་བཅས་ལ་སོང་ནས་རྟོག་ཞིབ་དང་བཞུགས་མོལ། གྲོས་བསྡུར་བཅས་བྱས་ནས། རང་ཞིང་གིས་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་པ་དང་ཟས་རིགས་བདེ་འཇགས་ལྟ་རྟོག་དོ་དམ་བྱ་བ་དངོས་འབེབས་བྱས་པའི་གཞི་རྩའི་གནས་ཚུལ། དེ་མིན་ངེས་པར་དུ་ཐག་གཅོད་དགོས་པའི་འབུར་ཐོན་གནད་དོན་སོགས་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། ཕྱོགས་སོ་སོ་ནས་ཁྲིམས་ལྟར་ཟས་རིགས་བདེ་འཇགས་ལྟ་རྟོག་དོ་དམ་བྱ་བ་ལག་བསྟར་དང་དངོས་འབེབས་བྱེད་པའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།

སྟག་འབུམ་ཐར་གྱིས་བཤད་རྒྱུར། ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་རྗེས། རང་ཞིང་གི་རིམ་པ་སོ་སོའི་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། སྲིད་གཞུང་གིས་སྤྱིའི་འགན་འཁུར་ཞིང་ལྟ་རྟོག་དོ་དམ་ལས་ཁུངས་ཀྱིས་རང་རང་གི་འགན་འཁྲི་དང་ལེན་བྱེད་པ་དང་། ཁེ་ལས་ནི་འགན་འཁུར་མཁན་དང་པོ་ཡིན་པ་བཅས་ཀྱི་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲིའི་མ་ལག་ནན་ཏན་སྒོས་དངོས་འབེབས་བྱས་ནས། ཟས་རིགས་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་པའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཡིན་ནའང་རང་ཞིང་གི་ཟས་རིགས་བདེ་འཇགས་ལྟ་རྟོག་དོ་དམ་བྱ་བའི་ཁྲོད་དུ་ལྟ་རྟོག་དོ་དམ་ལས་ཁུངས་ཀྱི་ནུས་པ་བཟང་བོ་ཐོན་མེད་པ་དང་། ཟས་རིགས་ཐོན་སྐྱེད་མཁན་གྱི་ཟས་རིགས་བདེ་འཇགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཞན་པ་སོགས་ཀྱི་གནད་དོན་གནས་ཡོད་པས། ཟས་རིགས་བདེ་འཇགས་དང་རྒྱ་ཆེའི་མང་ཚོགས་ཀྱི་རེ་བ་དང་ཁྱད་པར་ཆེན་པོ་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག