མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྩེ་ཁོག་རྫོང་ཆ་སྐོར་ཞང་གིས་དམངས་ཕན་སྲིད་ཇུས་མང་པོ་ལག་བསྟར་བྱས།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-08 11:12

mmexport1404535680765.jpg

དགོ་རྩེ་སྡེ་བའི་སྡེ་མི་རྩ་འཛུགས་བྱས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལ་སློབ་སྦྱོང་བྱེད་བཞིན་པ།

mmexport1404535666185.jpg

ལས་བྱེད་པ་རྩ་འཛུགས་བྱས་ནས་གཞི་རིམ་ལ་སོང་སྟེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་བྱ་འགུལ་དྲིལ་སྒྲོག་བྱས་པ།

mmexport1404535684413.jpg

ཞང་གི་མགོ་ཁྲིད་དངོས་སུ་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་སོང་ནས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

mmexport1404535624888.jpg

ཆ་སྐོར་ཞང་གིས་གློག་མེད་པའི་ཁྱིམ་ཚང་ལ་ཉི་གློག་བྱིན་པ།

mmexport1404273241348.jpg

གསར་འགོད་པས་ཆ་སྐོར་ཞང་གི་ཞང་གཙོ་གཡང་དྲུང་བྱམས་ལ་བཅར་འདྲི་བྱེད་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཆ་སྐོར་ཞང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་དང་བསྟུན་ནས་ཐོག་མར་ཞང་གི་ལས་བྱེད་པས་མང་ཚོགས་ལམ་ཕྱོགས་ལ་སློབ་སྦྱོང་བྱེད་པ་དང་རྗེས་སུ་གཞི་རིམ་ལ་སོང་ནས་མང་ཚོགས་ལ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་དགོངས་དོན་དང་། དམིགས་ཡུལ། འཆར་གཞི་སོགས་ཡང་དག་པའི་སྲིད་ཇུས་འདི་སྡེ་བ་སོ་སོར་བརྒྱུད་སྒྲོག་བྱས་པ་དང་། མང་ཚོགས་ཀྱི་དཀའ་ཁག་དང་མང་ཚོགས་ཀྱི་བསམ་ཕྱོགས། མང་ཚོགས་ལ་བསམ་འཆར་ཅི་ཞིག་ཡོད་པ་སོགས་ལ་རྒྱུས་ལོན་གསལ་བོ་བྱས་རྗེས་སྤྱི་བསྡོམས་ཚོགས་འདུ་བསྡུས་ནས་དེ་ལ་དབྱེ་ཞིབ་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་དང་འབྲེལ་འདྲིས་བྱས་ནས་རྣམ་གྲངས་མང་པོ་བརྩོན་ལེན་བྱས་ཏེ་མང་ཚོགས་ལ་དོན་བཟང་མང་པོ་བསྒྲུབས། རྩེ་ཁོག་རྫོང་ཆ་སྐོར་ཞང་གི་ཞང་གཙོ་གཡང་དྲུང་བྱམས་ཀྱིས་བཤད་རྒྱུར། "ཆ་སྐོར་ཞང་གིས་སྡེ་བ་སོ་སོའི་ཁ་གཏད་རོགས་སྐྱོར་ལས་ཁུངས་ལ་འབྲེལ་གཏུགས་དང་མཐུན་སྦྱོར་བྱས་ནས་དབུལ་སྐྱོར་དང་དམངས་སྲིད་སོགས་ཀྱི་ལས་གཞིར་འཆར་འགོད་བྱས་ནས་གཅིག་གྱུར་སྒོས་ཁུལ་དང་རྫོང་། ཞང་བཅས་ཀྱིས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་ཆེད་དང་དཔྱིད་ཀའི་གནོད་འཚེ་སྔོན་འགོག་ཐད་སྒོར་འབུམ་དྲུག་དང་ཁྲི་གཉིས་སྟོང་ལྔ་དོན་འཁྱོལ་བྱས་ཏེ་དམངས་ལ་དོན་དངོས་བསྒྲུབས། "

    ཆུ་གློག་ལམ་གསུམ་ནི་མང་ཚོགས་ཀྱི་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་པས། རྩེ་ཁོག་རྫོང་ཆ་སྐོར་ཞང་གིས་ཀྱང་འདིའི་ཐད་ནས་དམངས་སེམས་སྤྲོ་བའི་སྲིད་ཇུས་མང་པོ་ལག་བསྟར་བྱས་ཡོད། ཞང་གཙོ་གཡང་དྲུང་བྱམས་ལགས་ཀྱིས་མུ་མཐུད་ནས་བཤད་རྒྱུར། "ང་ཚོས་ཆུ་གློག་ལམ་གསུམ་གྱི་ཐད་ནས་ཀྱང་མང་ཚོགས་ལ་དོན་དངོས་མང་པོ་བསྒྲུབས་ཡོད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནོར་སྲིད་ཅུའུ་ཡིས་ང་ཚོའི་གཞོང་རིང་སྡེ་བའི་ལོ་ངོ་དུ་མའི་རིང་གི་ལམ་གྱི་གནད་དོན་ཐག་གཅོད་བྱེད་རྒྱུ་ཁས་ལེན་བྱས་ཡོད་ལ། ད་ལྟ་སྤྱི་ལེ་སོ་བརྒྱད་ཡོད་པའི་གཞུང་ལམ་དེ་ལས་བཞིན་པའི་སྒང་ཡིན་ལ་ད་ལོའི་ལོ་མཇུག་ལ་ལས་གཞི་འདི་ཡོངས་འགྲུབ་བྱེད་རྒྱུ་རེད། གཞན་ད་རུང་སྒྲོག་འོབ་སྡེ་བ་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་གྲོང་ཞེས་པའི་རྣམ་གྲངས་ཁྲོད་བདམས་པ་དང་། འདུས་སྡོད་བྱས་ཡོད་པའི་ཁྱིམ་ཚང་སོ་སོའི་ཆུ་གློག་ལམ་གསུམ་གྱི་གནད་དོན་ཐག་གཅོད་བྱས་ཟིན་པ་དང་། ཨུ་རྗེ་སྡེ་བའི་སྤྱི་ལེ་བརྒྱད་ཅན་གྱི་གཞུང་ལམ་དང་དགོ་རྩེ་སྡེ་བའི་སྤྱི་ལེ་དྲུག་ཅན་གྱི་གཞུང་ལམ་ཚང་མ་ཐག་གཅོད་ལེགས་པོ་བྱས་ཡོད། སྲིད་གཞུང་གིས་གློག་འཐེན་མི་ཐུབ་པའི་ཁྱིམ་ཚང་སོ་སོར་རིན་གོང་སྒོར་ཁྲི་གཅིག་དང་སྟོང་ལྔའི་ཉི་གློག་སུམ་བརྒྱ་ཉི་ཤུ་ཉོ་སྒྲུབ་བྱས་ཏེ་གློག་མེད་པའི་དཀའ་ངལ་སེལ་རོགས་བྱས། "

    སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི་དེང་གི་དུས་འདིར་ས་ཆ་སོ་སོ་ན་སྤེལ་བཞིན་པའི་མང་ཚོགས་ཕྱུག་སྒྱུར་གྱི་ལས་གཞི་གལ་ཆེན་ཞིག་རེད། རྩེ་ཁོག་རྫོང་ཆ་སྐོར་ཞང་གིས་རྣམ་གྲངས་མང་པོ་བརྩོན་ལེན་བྱས་ནས་མཉམ་ལས་ཁང་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད། "དགོ་རྩེ་སྡེ་བར་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ཁྲི་དྲུག་བཏང་ནས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ལ་ས་ཉོས་ནས་ར་སྐོར་རྒྱབ་སྟེ་ལེགས་གྲུབ་བྱུང་ཡོད་ལ། མ་འོངས་བར་ཐོན་རྫས་ཅི་ལྟར་ཐོན་སྐྱེད་བྱེད་རྒྱུར་བསམ་བློ་གཏོང་བཞིན་པའི་སྒང་ཡིན། རྩེ་ཁོག་རྫོང་དབུལ་སྐྱོར་ཅུའུ་ཡིས་སྡེ་བ་ཡོངས་སྐུལ་སྤེལ་བྱེད་པའི་རྣམ་གྲངས་ཐད་སྒོར་ས་ཡ་གཅིག་དོན་འཁྱོལ་བྱས་ཡོད། དམངས་ཕན་སྲིད་ཇུས་འདི་ལག་བསྟར་བྱས་རྗེས་མང་ཚོགས་ཀྱིས་བསྟོད་པ་བྱེད་བཞིན་འདུག"

    ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་འདི་དག་ལག་བསྟར་བྱས་རྗེས་སྔོན་དང་བསྡུར་ན་མང་ཚོགས་ཀྱི་འཚོ་བ་དང་། དཔལ་འབྱོར་ཡོང་འབབ། སྡོད་ཁང་། ཆུ་གློག་ལམ་གསུམ་སོགས་ཕྱོགས་གང་ཐད་ནས་ཀྱང་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག