མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལའོ་ཧུའེ་ཉིན་གྱིས་མཚོ་ཤར་གྲོང་ཁྱེར་དང་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་ནས་དཔལ་འབྱོར་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-08 11:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལའོ་ཧུའེ་ཉིན་ཐེངས་གསུམ་ལ་མཚོ་ཤར་གྲོང་ཁྱེར་དང་ཞིང་ཆེན་ནོར་སྲིད་སྡེ་ཁག ཞིང་ཆེན་སྲིད་གཞུང་སྲིད་དོན་ཞབས་ཞུ་དང་སྤྱི་བའི་ཐོན་ཁུངས་བརྗེ་རེས་ལྟེ་གནས་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས་པ་དང་། ཁེ་ལས་པ་དང་རྫོང་དང་ཁུལ་གྱི་ཏང་སྲིད། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣ་བཅས་དང་བཞུགས་མོལ་བྱས། ཁོས་ནན་གྱིས་བསྟན་དོན། ཡང་དག་པའི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་དང་སྤྱི་ཡོངས་ཀྱི་སྲིད་ཇུས་ཁ་ཕྱོགས་དམ་འཛིན་བྱས་ཏེ། བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་བ་དང་སྒྲིག་གཞི་ལེགས་བཅོས་བྱས་ནས་ནང་གི་སྐྱེ་སྟོབས་ནུས་པ་དང་འཕེལ་རྒྱས་གསོན་ཤུགས་ཇེ་ཆེར་གཏོང་བ་དང་། ཤུགས་ཆེན་པོས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་ངང་བདེ་ཐང་གིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ལའོ་ཧུའེ་ཉིན་གྱིས་མིན་ཧི་དང་ལི་ཏུའུ། ཕིན་ཨན་བཅས་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་བྱ་བར་གཏིང་ཟབ་ཀྱིས་རྟོག་ཞིབ་བྱས། ལུའུ་ཆིན་གཟན་ཆས་ཀུང་ཟིས་རིགས་ཆེན་མོ6གི་གཟན་ཆས་སྣ20ལྷག་གསར་སྤེལ་བྱས་པར་རོང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ་པར། ལའོ་ཧུའེ་ཉིན་གྱིས་བསྟན་དོན། གཟན་ཆས་ལས་སྣོན་ལས་རིགས་ནི་ཕྱུགས་ལས་ཀྱི་རྨང་གཞི་ཡིན། ད་ལོའི་དབྱར་ཁར་ལོ་ལེགས་འབྱུང་བར་རེ་བ་ཡོད་པས། ང་ཚོས་མཚོ་སྔོན་དང་མཐའ་འཁོར་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་སོག་མའི་ཐོན་ཁུངས་ལ་བརྟེན་ནས་གཟན་ཆས་ལས་སྣོན་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་དགོས་པ་དང་། རྩྭ་སར་འཚོ་བ་དང་གཟན་ཆས་ཀྱིས་འཚོ་བ་གཉིས་ཟུང་སྦྲེལ་བྱས་ཏེ། ཕྱུགས་ལས་ཐོན་སྐྱེད་གཞི་ཁྱོན་ཇེ་ཆེར་གཏོང་དགོས་པ་མ་ཟད་མཚོ་སྔོན་གྱི་ལྗང་མདོག་ཆས་རྟགས་གསར་འཛུགས་བྱེད་དགོས་ལ། ཕན་ནུས་མཐོ་བའི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་བཏང་བ་བརྒྱུད་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཁོས་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་མི་སྣར་གཟན་ཆས་ལས་སྣོན་ལས་རིགས་ཀྱི་འཕེལ་རྒྱས་འཆར་འགོད་བཟོ་དགོས་པར་མངག་བཅོལ་བྱས། ཕིན་ཨན་ཧ་ཡང་ལས་རིགས་རྒྱལ་སྤྱིའི་ཧ་ཡང་ལས་སྣོན་ལས་རིགས་ཀྱི་སྔོན་ཐོན་སྒྲིག་ཆས་ཡོད་ནའང་གནད་འགག་གི་འཇོན་མི་མེད་པས་ཁེ་ལས་ཀྱི་ཐོན་སྐྱེད་འཕེལ་རྒྱས་སུ་ཕྱིན་མེད་པས། ལའོ་ཧུའེ་ཉིན་གྱིས་བསྟན་དོན། བསམ་བློར་བཅིངས་འགྲོལ་བཏང་ནས་ཤུགས་ཆེན་པོས་འཇོན་མི་དཔུང་སྡེ་འཛུགས་སྐྲུན་ལེགས་པོར་བྱེད་དགོས་པ་དང་། དོ་དམ་ཆུ་ཚད་ཇེ་མཐོར་བཏང་ནས་མགྱོགས་མྱུར་ངང་ཐོན་སྐྱེད་དམིགས་ཚད་མངོན་འགྱུར་བྱེད་དགོས་ལ། ཧ་ཡང་ཐོན་ལས་མུ་མཐུད་དུ་རིམ་འཕར་གཏོང་བར་སྐུལ་ཁྲིད་བྱེད་དགོས། ལའོ་ཧུའེ་ཉིན་ད་རུང་ཝན་ཁང་ཧ་ཡང་ལས་རིགས་དང་ཡའོ་ཧྭ་ཁྱད་དམིགས་ཤེལ་སྒོ་དང་ལས་སྐྲུན་སློབ་ཆེན་སློབ་མའི་སིལ་ཏོག་འདེབས་འཛུགས་རྟེན་གཞི་དུ་རྟོག་ཞིབ་བྱས་པ་མ་ཟད་རྫོང་ཁོངས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་ལ་འགོ་འཛིན་བྱས། ཁོས་བསྟན་དོན། རིགས་བགར་ནས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་དེང་རབས་བཟོ་ལས་འཕེལ་རྒྱས་སུ་འགྲོ་བར་ཆ་རྐྱེན་ཚང་བའི་རྫོང་དང་ས་ཁུལ་གཙོ་གནད་དུ་བཟུང་དགོས།

ཞིང་ཆེན་སྲིད་གཞུང་གི་སྲིད་དོན་ཞབས་ཞུ་དང་སྤྱི་བའི་ཐོན་ཁུངས་བརྗེ་རེས་ལྟེ་གནས་སུ་ལའོ་ཧུའེ་ཉིན་གྱིས་སྒེའུ་ཁུང་གི་ཞབས་ཞུ་དང་སྤྱི་བའི་ཐོན་ཁུངས་དམིགས་ཚད། སྲིད་དོན་ལྟ་སྐུལ་མ་ལག་བཅས་ཀྱི་འཁོར་སྤྱོད་གནས་ཚུལ་ལ་རྒྱུས་ལོན་བྱས།

རྟོག་ཞིབ་ཁྲོད། ལའོ་ཧུའེ་ཉིན་གྱིས་ཐེངས་གང་མང་ལ་ཀྲུང་དབྱང་གིས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དེ་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་ས་ཁུལ་གལ་ཆེན་ཞིག་ཏུ་བཞག་ཡོད་པས། ང་ཚོས་གནས་བབ་ལ་དམ་འཛིན་དང་ཡིད་ཆེས་བརྟན་མོ་བཅིངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། བརྟན་བརླིང་ངང་ཡོང་སྒོ་སྤེལ་བ་དང་སྒྲིག་གཞི་ལེགས་བཅོས་བྱེད་པ་གཉིས་གཙོ་གནད་དུ་འཛིན་པ་རྒྱུན་བསྐྱངས་ནས་སྔར་ལས་ལྷག་པའི་སྒོ་ནས་ཁྲལ་རིགས་དང་དངུལ་རྩའི་འདེགས་ཤུགས་བྱེད་ནུས་འདོན་སྤེལ་གང་ལེགས་སྒོས་དཔལ་འབྱོར་འཕེལར་རྒྱས་དང་ཕན་ནུས་རིམ་སྤར་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་བྱས་རྗེས་འཇོག་དགོས་པ་ནན་གྱིས་བསྟན།

ལའོ་ཡུས་ལིན་དང་ཝང་ཞའོ་ཆིན། ཝང་ཞའོ། ཁྲིན་ལིས་ཧྭ་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།  ། 

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག