མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་བཅུ་གསུམ་པའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་འགོ་རྩོམ་པའི་མཛད་སྒོ་ཧེ་ཧུའུ་ས་ཁུལ་གསར་བའི་ལུས་རྩལ་ཐང་ཆེན་ནས་གཟབ་རྒྱས་ངང་འགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-06 11:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས5ཉིན་གྱི་དུས་ཚོད་བཅུའི་སྟེང་། སྐབས་བཅུ་གསུམ་པའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་འགོ་རྩོམ་པའི་མཛད་སྒོ་ཧེ་ཧུའུ་ས་ཁུལ་གསར་བའི་ལུས་རྩལ་ཐང་ཆེན་ནས་གཟབ་རྒྱས་ངང་འགོ་བརྩམས། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལུས་རྩལ་འཕྲིན་ལམ་དང་མཚོ་སྔོན་འཁོར་སྐར་བརྙན་འཕྲིན་བརྒྱུད་ནས་གཟབ་རྒྱས་ཆེ་བའི་འགོ་རྩོམ་མཛད་སྒོ་ཐད་གཏོང་བྱས་པས། ཡུལ་དངོས་སུ་འགྲོ་ཐབས་མེད་པའི་གྲོགས་པོ་རྣམས་ཀྱིས་བརྙན་འཕྲིན་ལས་མཛད་སྒོ་དེར་བལྟས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཕེ་ཧྭ་མཛད་སྒོར་ཞུགས་ནས་འགོ་རྩོམ་པའི་མཚོན་རྟགས་མནན། ཀན་སུའུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཧོས་དང་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡའོ་ཨེ་ཨན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་འཐུས་མི་ཝང་བེ་སོགས་མཛད་སྒོར་ཞུགས། ལའོ་ཧོས་ཉིན་དང་ཧོ་ཕུན། རིན་ཆེན་རྒྱལ། ཝང་ཅན་ཅོན། ཅི་ཏིས་མཱ་ཅ། ཝང་ཞའོ་ཆིན། མུའུ་ཏུང་ཧྲིན། ཀྲང་ཅན་མེན། ངག་དབང་བསོད་ནམས། ཞའོ་ཡང་ཀྲུང་སོགས་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་པ་རྣམས་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་འགོ་རྩོམ་མཛད་སྒོར་ཞུགས། ཧོ་ཕུན་དང་ཝང་བེ། བུའུ་པའོ་ཨན་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ། ཀྲང་ཅན་མེན་གྱིས་མཛད་སྒོར་འགོ་འཛིན་བྱས།

རྒྱལ་སྤྱིའི་ལྕགས་རྟ་མནའ་འབྲེལ་གྱི་ཀྲུའུ་ཞི་ལེ་ཨུན་ཁུའུ་ཁི་ཟིན་གྱིས་ཐེངས་འདིའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་འགོ་རྩོམ་མཛད་སྒོར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།  

ཧོ་ཕུན་གྱིས་བཤད་རྒྱུར། ད་ལོའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་ནི་འགྲན་ཞུགས་ལུས་རྩལ་པ་དང་འགྲན་སྡུར་གྱི་ལམ་ཐག་སྔར་ལས་ཇེ་མང་དུ་སོང་ཡོད་ལ། ལྷག་པར་དུ་འགྲན་སྡུར་བྱེད་པའི་ལམ་ཐག་དེ་མཛེས་སྡུག་གི་མཚོ་སྔོན་དཀྱིལ་སྙིང་བྱས་ནས་ཀན་སུའུ་ཡི་ལྷོ་ཕྱོགས་དང་ཤར་ཕྱོགས། ཉིན་ཞ་བཅས་ཞིང་ཆེན་གསུམ་གྱི་ས་གནས་ཀྱི་གཏིང་ཟབ་པའི་ལོ་རྒྱུས་དང་རིག་གནས། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གོམས་གཤིས་སོགས་བརྒྱུད་ནས་བཅོས་སྒྱུར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་དྲང་ཕྱོགས་ཀྱི་ནུས་པ་རྒྱུད་སྤེལ་བྱེད་རྒྱུ་ཡིན་པས། སྤྱི་ཚོགས་ཀྱི་ཤན་ཤུགས་དང་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཚད་མངོན་གསལ་སྒོས་ཇེ་མཐོར་འགྲོ་ངེས་ཡིན་ཟེར།

སྐབས་བཅུ་གསུམ་པའི་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་བྱེད་པའི་དུས་ཚོད་ཐོན་པ་དང་བསྟུན་ནས་ཟི་ལིང་ས་ཁུལ་གྱི་མི་རྣམས་ཀྱིས་ཡང་རྒྱལ་སྤྱིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་འགོ་རྩོམ་མཛད་སྒོར་རེ་སྒུག་བྱེད་པ་དང་ཟི་ལིང་གྲོང་ཁྱེར་ལ་སྐོར་བ་བརྒྱབ་ནས་འགྲན་སྡུར་བྱེད་པར་རེ་སྒུག་བྱས། དེ་ནི་ད་སྐབས་ཟི་ལིང་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཆེས་དོ་སྣང་བྱེད་ཡུལ་ཡིན་ལ། ཟི་ལིང་གི་ག་ས་གང་དུ་ཡང་སྐབས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐོར་གྱི་སྦྱར་ཡིག་མཐོང་ཐུབ་པ་དེས་ཀྱང་འགྲན་སྡུར་ལ་གསོན་ཤུགས་གསར་བ་ཞིག་བསྣན་ཡོད།

ཟླ་བདུན་པའི་ཚེས་དྲུག་ཉིན་གྱི་དུས་ཚོད་བཅུ་གཅིག་སྟེང་ཟི་ལིང་གྲོང་ཁྱེར་ལ་སྐོར་བ་རྒྱག་པའི་འགྲན་སྡུར་འགོ་བརྩམས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག