ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་བཞོན་པ། སྐབས་བཅུ་གསུམ་པའི་མཚོ་སྐོར་ལྕགས་རྟའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཅན་མིན་གྱིས་མཚོ་སྐོར་ལྕགས་རྟའི་ཨུ་ཡོན་ལྷན་ཁང་གི་ལས་ཚོགས་སོ་སོའི་ཚོགས་གཙོ་རྩ་འཛུགས་བྱས་ནས་ཚོགས་འདུ་བསྡུས་ཤིང་། མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་ཁྲོད་ཀྱི་བྱ་བ་ཆེ་མ་ཆུང་གསུམ་ཀུན་གྱི་དོ་དམ་དང་འགན་འཁྲི་སོགས་ཀྱི་ཐད་མཉམ་འཇོག་བྱེད་དགོས་པའི་གནད་དོན་ལ་དོ་སྣང་བྱེད་དགོས་པར་ནན་གྱིས་བསྟན།
ཀྲང་ཅན་མིན་གྱིས་བཤད་རྒྱུར། འགྲན་བསྡུར་ཁྲོད་ཀྱི་རྩ་འཛུགས་དང་བདེ་སྲུང་། དྲིལ་བསྒྲགས་དང་རྒྱབ་ཕྱོགས་ཀྱི་ཞབས་འདེགས་འགན་སྲུང་སོགས་འབྲེལ་ཡོད་ཀྱི་བྱ་བ་ཡོད་ཚད་ནི་མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་ཁྲོད་ཀྱི་ཆེས་གལ་ཆེ་བའི་ཆ་ཡིན་ལ། ཉིན་བཅུ་བཞི་རིང་གི་འགྲན་བསྡུར་ཁྲོད་བྱུང་ངེས་པའི་གནད་དོན་ཡོད་ཚད་ལ་ཆུ་མ་ཡོང་གོང་གི་རགས་ཞེས་པ་ལྟར་གྲ་སྒྲིག་གི་བྱ་བ་ལེགས་པོར་བསྒྲུབ་ནས། འགྲན་བསྡུར་ཁྲོད་ཀྱི་བྱ་བ་ཡོད་ཚད་བདེ་བླག་ངང་ལེགས་འགྲུབ་བྱུང་བར་གྲྭ་སྒྲིག་ཡག་པོ་བྱ་དགོས་ཟེར། །