མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལི་ཀྲི་ཆང་གིས་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་མཚོ་སྐོར་འགྲན་བསྡུར་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས་པར་ནན་གྱིས་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-05 11:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་བཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལི་ཀྲི་ཆང་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་མི་སྣ་དང་མཉམ་དུ་སྐབས་བཅུ་གསུམ་པའི་མཚོ་སྔོན་པོ་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་སྡུར་གྱི་འགོ་ཚུགས་མཛད་སྒོ་བསྡུས་སའི་ཚོགས་རྭར་སོང་ནས་གྲ་སྒྲིག་གི་བྱ་བར་ལྟ་རྟོག་བྱས།

ལི་ཀྲི་ཆང་གིས་ནན་གྱིས་བསྟན་དོན། མཚོ་སྐོར་ལྕགས་རྟའི་འགྲན་བསྡུར་ནི་མཚོ་སྔོན་ཞིང་ཆེན་མ་ཟད་རྒྱལ་ཡོངས་ལ་མཚོན་ནའང་ལུས་རྩལ་བྱ་འགུལ་གལ་ཆེན་ཞིག་ཡིན་པས། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་བདེ་སྲུང་གི་གནད་དོན་ལ་ཤུགས་ཆེན་པོ་བརྒྱབ་ནས། འགྲན་བསྡུར་ཡུལ་དངོས་དང་འགྲན་བསྡུར་གཞུང་ལམ། འགྲན་བསྡུར་བྱེད་སའི་མཐའ་འཁོར་གྱི་བདེ་འཇགས། བདེ་སྲུང་བའི་བཀོད་སྒྲིག་སོགས་ཀྱི་བྱ་བ་ཡོད་ཚད་ལ་གྲ་སྒྲིག་གང་ལེགས་བྱས་ནས། འགྲན་བསྡུར་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག