ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཏུའུ་ལན་རྫོང་སྒུ་རི་ཡུལ་ཚོ་རུ་དམངས་ཁྲོད་དུ་ཁྱབ་པའི«གེ་སར་སྒྲུང»གི་སྒྲུང་དཔེ་བྲིས་མ་གཉིས་རྙེད་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན་སྒྲུང་དཔེ་བྲིས་མ་དེ་གཉིས་ནི་ཏུའུ་ལན་རྫོང་སྒུ་རི་ཡུལ་ཚོའི་སྡེ་མི་ཏིང་འཛིན་རྡོ་རྗེ་ལགས་ཀྱིས་དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་པའི་ནང་ཡུལ་དེ་གའི་དམངས་ཁྲོད་ཀྱི་སྒྲུང་བཤད་ལྟར་ཡིག་ཐོག་ཏུ་བཀོད་པའི་སྒྲུང་དཔེ་གཉིས་ཏེ། «འཁྲུངས་རབས»དང«བདུད་འདུལ»གཉིས་ཡིན་པ་རེད།
སྒྲུང་དཔེ་བྲིས་མ་དེ་གཉིས་རྙེད་པར་བརྟེན«གེ་སར་སྒྲུང»དེ་ས་ཁུལ་མི་གཅིག་པ་རུ་དར་ཁྱབ་བྱུང་བ་དང་། ལྷག་པར་དུ་བོད་སོག་འདུས་སྡོད་ཀྱི་ས་ཁུལ་དུ་དར་ཚུལ་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད། །