ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གཉིས་པའི་ཚེས་གཉིས་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྤྱིའི་རུ་ཁག་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་ཡོངས་ནས་འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་ཟིན་པའི་མི་གྲངས་ཁྱོན་བསྡོམས་བརྒྱ་དང་རེ་དགུ་ཡོད་ཅིང་། དེས་དཔལ་འབྱོར་ཐད་སྒོར་ཡ་ཡ་གསུམ་དང་འབུམ་གཉིས་ལྷག་གི་གྱོང་གུད་ཐེབས་འདུག་ཟེར། །