མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཕན་ནུས་འཛུགས་སྐྲུན་སྐུལ་སློང་ཚོགས་འདུ་ཟི་ལིང་ནས་ཚོགས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-04 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཕན་ནུས་འཛུགས་སྐྲུན་སྐུལ་སློང་ཚོགས་འདུ་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཕན་ནུས་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅོན་གྱིས་སྐུལ་སློང་གཏམ་བཤད་སྤེལ། ཁོས་ལས་ཁུངས་ཀྱི་ཕན་ནུས་འཛུགས་སྐྲུན་བྱེད་དགོས་ན་ལམ་ལུགས་ལ་གཙིགས་འཛིན་དང་ནུས་པ་མཐོར་འདེགས། འགན་འཁྲི་ལ་ཤུགས་སྣོན། སྣང་བརྙན་བཟང་བོ་བསྐྲུན་པ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རྩལ་ནུས་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལའོ་ཡུས་ལིན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཕན་ནུས་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་འཛུགས་པའི་སྐོར་གྱི་བརྡ་སྦྱོར་སྒྲོག་འདོན་བྱས།

ཝང་ཅན་ཅོན་གྱིས་བསྟན་དོན། ལས་ཁུངས་ཀྱིས་ཕན་ནུས་འཛུགས་སྐྲུན་བྱེད་རྒྱུ་ནི་མཚོ་སྔོན་ལ་བཅོས་སྐྱོང་དང་སྲིད་སྐྱོང་བའི་འཐབ་ཇུས་གསར་བའི་དགོས་ངེས་ཀྱི་བླང་བྱ་དང་། སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པའི་བྱེད་ཐབས་གཙོ་བོ་ཡིན་ལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་ནུས་ལས་འགན་སྔར་ལས་བཟང་བོར་ཡོངས་འགྲུབ་བྱེད་པའི་ཤུགས་ཡོད་འགན་སྲུང་ཡང་ཡིན་པས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ལས་ཁུངས་ཀྱི་ཕན་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན་དང་བྲེལ་མྱུར་རང་བཞིན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ལས་ཁུངས་ཀྱི་ཕན་ནུས་འཛུགས་སྐྲུན་གྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་བ། བསམ་བློའི་གོ་རྟོགས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཕན་ནུས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར་ལ་ལག་བསྟར་ནན་མོ་བྱེད་པ་བཅས་བྱས་ཏེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཕན་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཟེར།

ཝང་ཅན་ཅོན་གྱིས། མིག་སྔར་ལམ་ལུགས་ལ་གཙིགས་འཛིན་བྱེད་པ་དང་ནུས་པ་མཐོར་འདེགས་བྱེད་པ། འགན་འཁྲི་ཇེ་དྲག་ཏུ་གཏོང་བ། སྣང་བརྙན་བཟང་བོ་བསྐྲུན་པ་བཅས་ཕྱོགས་བཞིའི་ཐད་ལ་ཤུགས་འདོན་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག