ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཞིན་གོ་པེན་གཏེར་ལེན་ཁ་གྲོང་ཁྱེར་གྱི་པེན་ཧི་ལམ་གྱི་ཆུ་གློག་སྡོད་དམངས་འདུག་ས་དང་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཏུང་ཧྲན་སྡེ་བ་དང་མཁར་ལྷོ་གཞིས་ཁུལ། ཀན་ནན་སྡེ་བ་སོགས་ལ་སོང་ནས་དཀའ་ཁག་ཆེ་བའི་ཏང་ཡོན་དང་ཏང་ཡོན་རྒན་པ་སོགས་ལ་འཚམས་འདྲི་ཞུས།
ཞིན་གོ་པེན་གྱིས་གཏེར་ལེན་ཁ་གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་ཏང་ཡོན་དང་ཏང་ཡོན་རྒན་པ་རྣམས་ལ་འཚམས་འདྲི་བྱེད་སྐབས་ཐོག་མར་ཁོ་ཚོའི་ལུས་ཕུང་བདེ་ཐང་དང་བུ་དང་བུ་མོའི་བྱ་བའི་གནས་ཚུལ་སོགས་ཞིབ་འདྲི་བྱས་པར་མ་ཟད་ཁོ་ཚོ་བརྒྱུད་དེ་རྒྱ་ཆེའི་ཚྭ་འདམ་གཞོང་གསར་སྤེལ་དང་འཛུགས་སྐྲུན་བྱས་པའི་བློ་མཐུན་རྒན་པ་དང་ཏང་ཡོན་རྒན་པ་རྣམས་ལ་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། རྒྱ་ཆེའི་བློ་མཐུན་རྒན་པ་རྣམས་ཀྱིས་སྔོན་ཆད་དང་འདྲ་བར་མཚོ་ནུབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུར་བྱེད་པ་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་སྟོབས་ཤུགས་གང་ཡོད་འདོན་དགོས་ཟེར། །