མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གྲོས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་རེ་འགས་སྣེ་ཁྲིད་དེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་དུ་བསྟར།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-03 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གྲོས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་རེ་འགས་བཞུགས་མོལ་གྲོས་ཚོགས་དང་ཐུན་མོང་རྩ་འཛུགས་སོགས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་དུ་བསྟར་བར་སྣེ་ཁྲིད་དེ། ཀྲུང་དབྱང་གི«སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་དུ་བསྟར་ཐབས་སྐོར་གྱི་དགོངས་འཆར»དང«མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་མཐའ་འཁྱོལ་བྱེད་དགོས་པའི་སྐོར་གྱི་བསམ་འཆར »གཉིས་ལག་བསྟར་མཐའ་འཁྱོལ་བྱེད་པར་འབད་བརྩོན་ལྷོད་མེད་སྒོས། འཐུས་སྒོ་ཚང་ཞིང་གཏིབ་ཟབ་པའི་ངང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱེད་པར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་དང་འདོན་བཞིན་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་དུ་བསྟར་ཐབས་སྐོར་གྱི་བཞུགས་མོལ་ཚོགས་འདུ་དེ་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཀྲང་ཅི་ཏི་མ་ཅ་ཡིས་ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ཆེན་པོས་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀས་བཏོན་པའི་དགོངས་འཆར་དངོས་འབེབས་ཡག་པོ་བྱེད་པར་ཧུར་ཐག་འབད་ཐག་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་དུ་བསྟར་བའི་བྱ་གཞག་དེ་འདུ་ཤེས་ཀྱི་ངོར་འཇགས་པར་བརྩོན་དགོས་ཟེར། ཁོས་མུར་མཐུད་ནས་ནན་གྱིས་བཤད་རྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་དུ་བསྟར་རྒྱུ་ནི་མ་ལག་རང་བཞིན་གྱི་བཟོ་སྐྲུན་གཏོས་ཆེ་བ་ཞིག་ཡིན་པ་དང་། བྱ་བའི་ཁྱབ་རྒྱ་ཆེ་བ། འོས་འགན་ལྗིད་ལ་དཀའ་ཚེགས་ཆེ་བས། བྱ་བའི་ཞིབ་ཕྲ་ནས་ཕན་ཡོད་ཀྱི་བྱེད་ཐབས་སྤྱོད་པ་ནས་མགོ་བཙུགས་ནས། གསར་སྐྲུན་རང་བཞིན་དང་མགོ་ཡོད་མཇུག་ཡོད། གཟབ་ནན་བརྟན་བརླིང་།ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་ལས་དོན་ཟད་སར་འཁྱོལ་ཐུབ་དགོས་ཟེར། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མགོ་ཁྲིད་ཀྱི་ནུས་པར་ཤུགས་བསྣན་ནས། ཆབ་སྲིད་ཀྱི་འོས་འགན་དང་མགོ་ཁྲིད་ཀྱི་འགན་ཁུར་གཙང་ཁུར་གཙང་ལེན་བྱེད་ཐུབ་དགོས་ལ། བྱེད་ཐབས་སྣ་མང་སྤྱད་དེ་དྲིལ་སྒྲོག་སློབ་གསོར་སྔར་ལས་ཤུགས་སྣོན་དང་། སྤྱི་ཚོགས་ཀྱི་མཁའ་དབུགས་གཙང་ཡངས་ཤིག་གྲུབ་པར་ཧུར་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་བང་ལིན་ཅོན་མཚོ་ཤར་གྲོང་ཁྱེར་དུ་སོང་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སྐོར་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས། བང་ལིན་ཅོན་གྱིས་བསྟན་དོན། མཚོ་ཤར་གྲོང་ཁྱེར་ནི་གསར་དར་གྲོང་ཁྱེར་ཞིག་ཡིན་པས། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྟོབས་ཤུགས་གང་ཡོད་འདོན་དགོས་པ་མ་ཟད། རྨང་གཞི་འཛོམས་པོ་ཡིན་པའི་དངོས་པོའི་དཔལ་ཡོན་གྱ་ནོམ་པ་ཞིག་འཛུགས་སྐྲུན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་དུ་བསྟར་བའི་དངོས་ཡོད་དོན་གཉེར་བྱེད་ཐབས་སྤྱད་དེ། དཔའ་ངར་ཆེར་བསྐྱེད་དང་ཉིན་རེར་ཡར་ཐོན་ཡོང་བའི་བསམ་བློའི་དཔལ་ཡོན་གྱི་སྙིང་སྟོབས་མཐོར་འདེགས་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག