མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུའུ་ཡི་ཞིབ་བཤེར་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱ་བར་ཁས་ལེན་གང་ལེགས་བྱས།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-03 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུའུ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཅུའུ་ཡི་ཞིབ་བཤེར་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུའུ་ཡིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་དང་ཁྱབ་ཁོངས་གཙོ་བོའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོབ་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས། ཞིབ་བཤེར་ཚན་ཆུང་སྔ་གཞུག་ཏུ་ཞིང་ཆེན་བཟོ་ཚོང་ཅུའུ་ཡི་12315བཀོད་འདོམས་ལྟེ་གནས་དང་། ཟི་ལིང་གྲོང་ཁྱེར་བཟོ་ཚོང་ཅུའུ། མཚོ་ལྷོ་ཁུལ་བཟོ་ཚོང་ཅུའུ་སོགས་ལ་སོང་སྟེ་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་ཐད་ནས་ལས་བྱེད་པ་དང་ལས་བཟོ་བ་དང་བཞུགས་མོལ་དང་བརྗེ་རེས་བྱས།

ཞིབ་བཤེར་ཚན་ཆུང་གིས་ཞིང་ཆེན་བཟོ་ཚོང་ཅུའུ་ཡི་བྱ་བའི་ཡར་ཞུ་ལ་ཉན་རྗེས། མཚོ་སྔོན་ཞིང་ཆེན་གྱི་བཟོ་ཚོང་ཁོངས་གཏོགས་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱ་བར་ཁས་ལེན་གང་ལེགས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག