ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས2ཉིན། སྐུ་འབུམ་དགོན་པའི་མཛེས་ལྗོངས་ཁུལ་ཆེན་མོའི་གནས་སྐོར་མཚམས་སྦྱོར་བྱ་འགུལ་ཁྲོད། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཧོང་ཀྲུང་རྫོང་གིས་འཆར་འགོད་ལྟར་ན་ལོ3རིང་མ་དངུལ་སྒོར་དུང་ཕྱུར11བཏང་ནས་སྐུ་འབུམ་དགོན་པའི་མཛེས་ལྗོངས་ཁུལ་ཆེན་མོ་གསར་འཛུགས་བྱས་ཏེ། ཟི་ལིང་ས་ཁུལ་གྱི་སྡོད་དམངས་ལ་སྤྲོ་གསེང་དང་གནས་སྐོར། གུང་གསེང་བཅས་གཅིག་ཏུ་འདུས་པའི་མཐོ་སྒང་གི“དབྱང་དབུགས་མཛོད་ཁང”ཞིག་མཁོ་འདོན་བྱེད་རྒྱུ་རེད།
སྐུ་འབུམ་དགོན་པའི་མཛེས་ལྗོངས་ཁུལ་ཆེན་མོས་མི་རིགས་རིག་གནས་དང་ས་ཁོངས་ཁྱད་ཆོས། “སྲོག་ཤིང་གཅིག་དང་ལྟེ་བ་གཉིས། ཁུལ་ལྔ། སྡེ་ཚོགས་བདུན”གྱི་ཁོར་ཡུག་སྒྲིག་གཞིའི་འཆར་འགོད་འབུར་ཏུ་བཏོད་ནད་འཛུགས་སྐྲུན་བྱེད་རྒྱུ་རེད། ཕྱོགས་ཡོངས་ནས་སྐུ་འབུམ་དགོན་པའི་མཛེས་ལྗོངས་ཁུལ་ཆེན་མོ་འཛུགས་སྐྲུན་བྱེད་པར་ཧོང་ཀྲུང་རྫོང་གིས་འཆར་གཞི་ལྟར་ན་ལོ3རིང་མ་དངུལ་སྒོར་དུང་ཕྱུར11ལེགས་འགྲུབ་བྱེད་རྒྱུ་ཡིན་པ་དང་། ད་ལོར་འཆར་འགོད་མ་དངུལ་སྒོར་དུང་ཕྱུར4.5བཏང་ནས་གཙོ་བོ་མཛེས་ལྗོངས་ཁུལ་གྱི་བསྐོར་ལམ་ལེགས་བཅོས་དང་པད་མ་མཚེའུ་ཁྱམས་ར་སོགས་རིག་གནས་གནས་སྐོར་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ། སྐུ་འབུམ་དགོན་པའི་མཛེས་ལྗོངས་ཁུལ་ཆེན་མོ་དེ་ཟ་ཁང་དང་མགྲོན་ཁང་། གཞུང་ལམ། གནས་སྐོར། ཚོང་ཁང་། རོལ་རྩེད་སོགས་གཅིག་འདུས་ཀྱི་སྐྱེ་ཁམས་སྤྲོ་གསེང་དང་རིག་གནས་གནས་སྐོར་བྱེད་པའི་ས་ཁུལ་ཞིག་ཏུ་གསར་འཛུགས་བྱེད་རྒྱུ་རེད། །