མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་བཅུ་གཉིས་པའི་མཚོ་སྔོན་པོར་སྐོར་བ་རྒྱག་པའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་རྒྱལ་སྤྱིའི་པར་ལེན་འགྲན་བསྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ་དང་སྐབས་བཅུ་གསུམ་པའི་པར་ལེན་འགྲན་བསྡུར་མགོ་རྩོམ་པའི་མཛད་སྒོ་ཟི་ལིང་ནས་བསྡུས།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-03 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། སྐབས་བཅུ་གཉིས་པའི་མཚོ་སྔོན་པོར་སྐོར་བ་རྒྱག་པའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་རྒྱལ་སྤྱིའི་པར་ལེན་འགྲན་བསྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ་དང་སྐབས་བཅུ་གསུམ་པའི་པར་ལེན་འགྲན་བསྡུར་མགོ་རྩོམ་པའི་མཛད་སྒོ་ཟི་ལིང་ནས་བསྡུས། ཐེངས་འདིའི་བྱ་འགུལ་དེ་མཚོ་སྔོན་པོར་སྐོར་བ་རྒྱག་པའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་བཅས་ཀྱིས་གཙོ་བསྒྲུབས་བྱས་པ་དང་མཚོ་སྔོན་ཧུའུ་ཀྲུའུ་ནས་ཆང་མ་རྐང་ཚོད་ཡོད་ཀུང་ཟི་དང་མཚོ་སྔོན་ཞིང་ཆེན་པར་ལེན་པའི་མཐུན་ཚོགས་སོགས་ཀྱིས་སྒྲུབ་མཁན་འཁུར་བ་རེད།

མཚོ་སྔོན་པོར་སྐོར་བ་རྒྱག་པའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དེ་ཐེངས་བཅུ་གཉིས་ལ་བསྒྲུབས་པ་དང་། ཐེངས་བཅུ་གཉིས་ཀྱི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། མཚོ་སྔོན་པོར་སྐོར་བ་རྒྱག་པའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་པར་ལེན་འགྲན་བསྡུར་དེ་མཚོ་སྔོན་པོར་སྐོར་བ་རྒྱག་པའི་འགྲན་བསྡུར་ཁྱབ་གདལ་དུ་གཏོང་བ་དང་མཛེས་པའི་མཚོ་སྔོན་ཁྱབ་སྒྲོག་བྱེད་པའི་སྟེགས་བུ་གཙོ་བོ་ཞིག་ཏུ་གྱུར་ཡོད། བྱ་དགའ་སྟེར་བའི་མཛད་སྒོའི་སྟེང་གཙོ་སྒྲུབ་ལས་ཁུངས་ཀྱིས་ཐེངས་འདིའི་པར་ལེན་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་མཁན་ལ་བྱ་དགའི་རྟགས་མ་དང་དཔང་ཡིག་གནང་བ་དང་། མཚོ་སྔོན་ཧུའུ་ཀྲུའུ་ནས་ཆང་ཕྱིར་ཚོང་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཞིང་ཆེན་པར་ལེན་པའི་མཐུན་ཚོགས་ཀྱི་འཐུས་མིས་མཉམ་ལས་ལས་དོན་ཐད་ལ་གྲོས་མཐུན་བཀོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག