མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་ནུབ་ཁུལ་གྱི་མི་འབོར་འཕེལ་འགྲིབ་དོ་དམ་དང་ཞབས་ཞུའི་གནས་ཚུལ་ལ་ཆེད་དོན་དཔྱད་ཞིབ་བྱས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-30 10:47

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་དཔྱད་ཞིབ་ཚན་ཆུང་བགོས་ནས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མི་གྲངས་འཕེལ་འགྲིབ་དོ་དམ་དང་ཞབས་ཞུའི་གནས་ཚུལ་ལ་ཆེད་དོན་དཔྱད་ཞིབ་བྱས།

དཔྱད་ཞིབ་བྱེད་སྐབས། དཔྱད་ཞིབ་ཚན་ཆུང་གིས་ཞིང་ཆེན་སྤྱི་བདེ་ཅུའུ་དང་ཁྲིམས་འཛིན་ཅུའུ། དམངས་སྲིད་ཅུའུ། མི་གྲངས་དང་སྤྱི་ཚོགས་འགན་སྲུང་ཐིན་སོགས་སྡེ་ཁག་འགའི་བྱ་བའི་སྙན་ཞུར་ཉན་པར་མ་ཟད། ད་དུང་སྔ་གཞུག་ཏུ་ཏུའུ་ལན་རྫོང་དང་ན་གོར་མོ་སོགས་ས་གནས་ཁ་ཤས་ལ་སོང་ནས། སྡེ་དམངས་འཐུས་མི་དང་ཞང་། གྲོང་བརྡལ། སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་ཀྱི་ཁེ་ལས་འགན་ཁུར་མི་སྣ་དང་ལས་བྱེད་པ་རེ་འགས་མི་གྲངས་འཕེལ་འགྲིབ་དོ་དམ་ཞབས་ཞུའི་བྱ་བར་བཏོན་པའི་བསམ་འཆར་བསྡུ་ལེན་བྱས་ཏེ། ནང་མི་གནས་གཞན་དུ་གྱར་བ་དང་ཕྱི་མི་ནང་དུ་ཡོང་གྱིན་པའི་གནས་ཚུལ་གྱི་ཐོ་འགོད་རྩིས་ཁྲ་དང་དཔང་ཡིག་ལས་པ། འདུས་སྡོད། ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྨན་བཅོས། བྱིས་པའི་སློབ་ཞུགས་ཀྱི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས།

དཔྱད་ཞིབ་ཚན་ཆུང་གིས་བསྟན་དོན། ས་གནས་ཀྱི་གཞིས་སྡོད་མི་གྲངས་འཕེལ་འགྲིབ་ཆེ་བ་ནི། དོན་གྱིས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ངེས་ཅན་བྱུང་བ་ལས་བསྐྱེད་པའི་འབྲས་བུ་ལྡོག་མེད་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་གསུམ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་འཛུགས་སྐྲུན་དང་འབྲེལ་བའི་རེ་འདོད་གལ་ཆེན་ཞིག་ཡིན་པས། བསམ་བློའི་ངོས་ཟིན་སྔར་ལས་ཇེ་མཐོར་གཏོང་བ་དང་། བསམ་བློའི་འདུ་ཤེས་གསར་འཛུགས་དང་ལམ་ལུགས་གསར་འཛུགས་གཉིས་ཟུང་དུ་སྦྲེལ་བ།་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། སྲིད་ཇུས་གཏན་འབེབས་དང་ལམ་ལུགས་ལེགས་བཅོས་གཉིས་ཟུང་སྦྲེལ། རྨང་གཞི་འཛུགས་སྐྲུན་དང་ཞབས་ཞུའི་དོ་དམ་གཉིས་ཟུང་སྦྲེལ་བཅས་ཡོང་བར་འབད་འབུངས་ཧུར་བསྐྱེད་བྱས་ཏེ། མི་གྲངས་འཕེལ་འགྲིབ་ཀྱི་རྩ་བའི་ཞབས་ཞུའི་གནས་ཚུལ་སོགས་འཛུགས་སྐྲུན་གྱི་བྱ་བ་ཟམ་མ་ཆད་པར་ཡར་སྐུལ་བྱ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག