མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སློབ་གསོ་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-30 10:47

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སློབ་གསོ་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཚད་ལྡན་ཅན་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་ཉམས་ཞན་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ལེགས་བསྒྱུར་བྱེད་པའི་བྱ་བའི་ལག་བསྟར་གནས་ཚུལ་དང་། སློབ་སྔོན་སློབ་གསོའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བྱེད་པའི་སྐོར་གྱི་བསམ་འཆར་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། དུས་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས། ཚད་ལྡན་ཅན་འཛུགས་སྐྲུན་དང་ཉམས་ཉན་ལེགས་བསྒྱུར་བྱེད་པའི་བཟོ་སྐྲུན་དེ་གཉིས་ནི་སློབ་གསོ་འདྲ་མཉམ་དུ་གཏོང་བ་དང་སློབ་སྒྲུབ་ཆ་རྐྱེན་ལེགས་བསྒྱུར་བྱེད་པ། སློབ་ཁྲིད་དང་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་བྱེད་པ། ཕལ་ཆེར་གཉིས་ཀྱི་གྲུབ་འབྲུས་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་གཙོ་བོ་ཡིན་པ་དང་། མཚོ་སྔོན་གྱི་སློབ་གསོ་ཐད་ནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་ཉམས་ཞན་ལེགས་བསྒྱུར་བྱེད་པའི་བཟོ་སྐྲུན་གཉིས་ལག་བསྟར་བྱས་པ་བརྒྱུད་དེ་མཆོངས་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བས། བཟོ་སྐྲུན་དེ་གཉིས་དམ་འཛིན་བྱས་ཏེ་ལག་བསྟར་བྱེད་དགོས། གཅིག ཚད་ལྡན་ཅན་དང་ཉམས་ཞན་ལེགས་བསྒྱུར་བྱེད་པ། རིགས་མི་འདྲ་བའི་སློབ་གསོའི་ལས་གཞི་སྣ་ཚོགས་ཀྱི་སྐུལ་སློང་ཚོགས་འདུ་བསྡུས་པ། གཉིས། སྟོབས་ཤུགས་ཡོད་རྒུས་སློབ་གྲྭ་ཆུང་འབྲིང་ཚད་ལྡན་ཅན་དུ་གཏོང་བ་དང་རིགས་མི་འདྲ་བའི་སློབ་གསོ་ལས་གཞི་སྣ་ཚོགས་ཀྱི་འཛུགས་སྐྲུན་སྤེལ་བ་དང་། སློབ་གྲྭ་ཆུང་འབྲིང་གི་ང་རིམ་པའི་ཉེན་ཁང་ཕྱོགས་ཡོངས་ནས་མེད་པར་བཟོ་བ། ས་གནས་ཀྱི་ཆ་སྡེབས་མ་དངུལ་དངོས་འབེབས་བྱེད་པ་བཅས་བྱས་ཏེ། རིགས་མི་འདྲ་བའི་ལས་གཞི་སྣ་ཚོགས་འཆར་གཞི་ལྟར་བདེ་བླག་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པ། གསུམ། ཕྱོགས་ཡོངས་ནས་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོ་ཉམས་ཞན་ཡིན་པའི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཇེ་བཟང་དུ་གཏོང་བའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་། དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། འགན་འཁྲི་ལག་བསྟར་བྱེད་པ་བཅས་བྱེད་དགོས། བཞི། ཡུལ་དངོས་སུ་སོང་ནས། ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་ཉམས་ཞན་ལེགས་བསྒྱུར་བྱེད་པའི་ལས་གཞི་འཛུགས་སྐྲུན་གྱི་ནང་དོན་ཐད་ནས་སྦྲེལ་མཐུད་བཟང་བོ་བྱས་ཏེ། ལས་གཞི་འཛུགས་སྐྲུན་གྱི་མཉམ་ཤུགས་གྲུབ་པར་བྱས་ནས། ཡང་བསྐྱར་མ་དངུལ་གཏོང་བ་དང་འཛུགས་སྐྲུན་བྱེད་མི་དགོས་བར་བྱེད་དགོས། ལྔ། སྟོབས་ཤུགས་ཡོད་རྒུས་སློབ་སྔོན་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་། འཕེལ་རྒྱས་དམིགས་འབེན་གསལ་བོ་བྱེད་པ། ཡུལ་བབ་དང་བསྟུན་ནས་དགེ་རྒན་ཀྱི་སྟོབས་ཤུགས་ཐག་གཅོད་བྱེད་པ་དང་། སྤྱི་ཚོགས་ཀྱི་བརྩོན་སེམས་ཆེར་བསྐྱེད་བྱེད་པ་བཅས་བྱས་ཏེ། སློབ་སྔོན་སློབ་གསོའི་སྣ་མང་ཅན་གྱི་སློབ་སྒྲུབ་རྣམ་པ་ཆགས་པར་བྱས་ནས། སློབ་སྔོན་སློབ་གསོ་རྒྱུན་མཐུད་ནས་འཕེལ་རྒྱས་གཏོང་བ་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག