མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧོ་ཕིན་གྱིས་སྐྱེ་ཁམས་ཁྱབ་ཁོངས་བཅོས་སྒྱུར་ཆེད་དོན་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པར་མགོ་འཛིན་བྱས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-28 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒོ་ཀུན་ནས་སྐྱེ་ཁམས་ཁྱབ་ཁོངས་བཅོས་སྒྱུར་ཆེད་དོན་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པར་མགོ་འཛིན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་འཛུགས་སྐྲུན་བྱ་བར་སྐུལ་སློང་དང་བཀོད་སྒྲིག་གསར་བ་བྱས། ཚོགས་འདུ་ལས་ནན་གྱིས་བསྟན་དོན། ངེས་པར་དུ་བཅོས་སྒྱུར་ཟབ་སྤེལ་གྱི་བྱ་བར་ངོས་ཟིན་ཟབ་མོ་དང་བདེན་འཚོལ་གནད་འཛིན། སྒྲུབ་ཕོད་པ་དང་བསམ་ཕོད་པ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་རྒྱས་བར་འབད་དེ། «མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་འཛུགས་ཀྱི་སྤྱིའི་ཐབས་ཇུས»ལག་བསྟར་དངོས་འབེབས་བཟང་བོ་བྱེད་དགོས་པར་མ་ཟད། སྟོབས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་འཐུས་ཚང་ཞིག་གྲུབ་པར་འབད་འབུངས་ཧུར་བསྐྱེད་བྱེད་དགོས་ཟེར།

ཚོགས་འདུ་ལས་བསྟན་དོན། «མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་འཛུགས་ཀྱི་སྤྱིའི་ཐབས་ཇུས»ཀྱིས་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐའ་འཁྱོལ་སྒོས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་ཟབ་སྤེལ་གྱི་སྤྱིའི་བཀོད་སྒྲིག་ལྟར། ནུས་པ་གཙོ་བོའི་ལམ་ལུགས་ལག་བསྟར་འཆར་འགོད་བྱས་པ་དང་། རྒྱལ་ཁོངས་གསར་སྤེལ་གྱི་རྣམ་པ་ཇེ་ལེགས་སུ་བཏང་ནས། རང་བྱུང་ཐོན་ཁུངས་ཀྱི་ཐོན་དབང་ལམ་ལུགས་འཐུས་ཚང་དུ་བཏང་བར་མ་ཟད། ཁྲོམ་རའི་ནུས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་ཁོར་ཡུག་གི་ནང་ནུས་ལ་སྐུལ་སྤེལ་བྱས་མཐར། ཁྱབ་ཁོངས་གཙོ་བོ་དྲུག་དང་ཐབས་ཇུས་བཅོས་སྒྱུར་བྱེད་དགོས་པའི་ལས་གཞི་བཅུ་དགུ ཞིབ་ལས་བྱེད་དགོས་པའི་ལས་གཞི་སུམ་ཅུ་བཅས་ཀྱི་འགན་ཁུར་དམིགས་འབེན་གཏན་འབེབས་བྱས་པ་དེས། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་བརླིང་ངང་མདུན་སྐྱོད་བྱེད་ཀྱིན་པ་མཚོན།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག