མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་གྲུབ་པའི་རྟོག་ཞིབ་ཚན་ཆུང་གིས་མཚོ་ནུབ་ཁུལ་གྱི་གནས་གཏན་ཁེལ་མེད་པའི་མི་གྲངས་ཞབས་ཞུ་དོ་དམ་བྱ་བའི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-28 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་གྲུབ་པའི་རྟོག་ཞིབ་ཚན་ཆུང་གིས་ཛ་ལམ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་གནས་གཏན་ཁེལ་མེད་པའི་མི་གྲངས་ཞབས་ཞུ་དོ་དམ་བྱ་བའི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་སྐབས། རྟོག་ཞིབ་ཚན་ཆུང་གིས་ཞིང་ཆེན་སྤྱི་བདེ་དང་། ཁྲིམས་འཛིན། དམངས་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་ཐོན་ཁུངས་སོགས་སྡེ་ཁག་གི་བྱ་བའི་ཡར་ཞུར་ཉན་པ་མ་ཟད། ཏུའུ་ལན་རྫོང་དང་། ན་གོར་མོ་གྲོང་ཁྱེར་སོགས་ས་ཆར་སོང་ནས། སྡེ་དམངས་ཀྱི་འཐུས་མི་དང་། ཞང་དང་གྲོང་རྡལ། སྡེ་དམངས་ཨུ་ཡོན་ལྷན་ཁང་། ཞིང་ལས་ས་རྒོད་སྡེ་ཚོགས། ནོའུ་མུའུ་ཧུའུ་ཞིང་ར་སོགས་ཁེ་ལས་ཀྱི་འགན་ཁུར་བ་དང་དེ་མིན་ལས་གཉེར་མི་སྣར་གནས་གཏན་ཁེལ་མེད་པའི་མི་གྲངས་ཞབས་ཞུའི་དོ་དམ་བྱ་བའི་བསམ་འཆར་དང་གྲོས་གཞིར་ཉན་པ་དང་། གནས་གཏན་ཁེལ་མེད་པའི་མི་གྲངས་སྡོམ་རྩིས་དང་། ལག་རྟགས་སྒྲུབ་པ། སྡོད་ཁང་དང་། ལས་ཞུགས། སྤྱི་ཚོགས་འགན་སྲུང་། བུ་བུ་མོ་སློབ་གྲྭར་ཞུགས་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། གནས་གཏན་ཁེལ་མེད་པའི་མི་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས། མི་གྲངས་གཞི་རྩའི་སྤྱི་སྤྱོད་ཞབས་ཞུའི་འདྲ་མཉམ་ཅན་འཛུགས་སྐྲུན་བྱེད་པའི་བྱ་བར་ཤུགས་སྣོན་དགོས་པ་དང་། རིམ་བཞིན་གནས་གཏན་ཁེལ་མེད་པའི་མི་གྲངས་ལ་ས་གནས་དེའི་གཟིགས་སྐྱོང་ལོངས་སུ་སྤྱོད་པར་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་གནས་གཏན་ཁེལ་མེད་པའི་མི་གྲངས་སྤྱི་ཚོགས་ཀྱི་གྲས་སུ་ཞུགས་པའི་བྱ་བ་མངོན་འགྱུར་བྱེད་དགོས་པ་དང་། གོ་རིམ་ལྡན་པའི་སྒོ་ནས་ཞིང་ལས་ཀྱི་ཡུལ་སྤོ་མི་གྲངས་དེ་གྲོང་ཁྱེར་ཅན་དུ་འགྱུར་བར་བྱས་ནས། མཚོ་ནུབ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་དང་རྒྱུན་སྲིང་ངང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག