མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྟག་འབུམ་ཐར་གྱིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མགོ་ལོག་ཁུལ་གྱིས་གྲོས་གཞི་ལས་དོན་དངོས་འབེབས་བྱས་པའི་བྱ་བར་རྟོག་ཞིབ་བྱས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-28 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པས་བཏོན་པའི“སྐོར་ཞིབ་སྨན་བཅོས་ཡུན་རིང་ཕན་པའི་ནང་རྐྱེན་བཙུགས་ནས། མཐའ་ཁོབ་ས་ཁུལ་གྱི་སྨན་བཅོས་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་དང་ནུས་པ་ཇེ་མཐོར་གཏོང་དགོས་པའི”སྐོར་གྱི་གྲོས་གཞི་དེ2014ལོའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་བོར་བཟུང་ནས་ཐག་གཅོད་པའི་འཐུས་མིའི་གྲོས་གཞིར་གཏན་ལ་ཕབ། ཉེ་ལམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་གྱིས་ཁྲིད་པའི་རྟོག་ཞིབ་ཚན་ཆུང་གིས་མགོ་ལོག་ཁུལ་གྱིས་གྲོས་གཞི་ལས་དོན་དངོས་འབེབས་བྱས་པའི་བྱ་བར་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་འཐུས་མིའི་གྲོས་གཞི་བསྒྲུབ་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། མགོ་ལོག་ཁུལ་གྱི་རྒྱལ་ཡོངས་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་གཞུང་དང་དེ་མིན་ཁུལ། རྫོང་བཅས་ཀྱི་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་སྡེ་ཁག་གིས་མགོ་ལོག་ཁུལ་ལ་རོགས་རམ་བྱས་ནས་སྨན་བཅོས་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་བསམ་འཆར་དང་གྲོས་གཞིར་ཉན། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས་འཐུས་མིའི་གྲོས་གཞི་བསྒྲུབ་པའི་འཕེལ་རིམ་གནས་ཚུལ་དང་ཕྱིན་ཆད་བསྒྲུབ་པའི་བྱེད་ཐབས་ཡར་ཞུ་བྱས།

རྟོག་ཞིབ་ཚན་ཆུང་གིས་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་གྲོས་གཞི་སྒྲུབ་པའི་བྱ་བར་ཁས་བླངས་བ་མ་ཟད། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་སྡེ་ཁག་གིས་འཐུས་མིའི་གྲོས་གཞི་ལས་དོན་ཞིང་ཆེན་དང་ནང་སྒོས་སུ་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་ནས་དངོས་འབེབས་བཟང་བོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཐག་རིང་མཐའ་ཁོབ་རོང་འབྲོག་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ཐད་ལ་གནས་པའི་འབུར་ཐོན་གནད་དོན་དང་དཀའ་ཁག་ལ་དམ་པོར་དམིགས་ནས། རྒྱུན་ཆད་མེད་པར་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱེད་དགོས་པ་དང་། ཧུར་ཐག་སྒོས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱེད་པ། མུ་མཐུད་དུ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། འཐུས་མི་དང་རྒྱ་ཆེའི་མང་ཚོགས་ཀྱིས་ཡིད་འཚིམ་པའི་བྱ་བའི་ཕན་འབྲས་ཤིག་ལེན་པར་བརྩོན་ལེན་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག