མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་བཟོ་འགོད་གཉིས་རྒྱལ་ཁབ་ཀྱི་སྐོར་དང་པོའི་སྤྱི་ཚོགས་དངུལ་གཏོང་ལ་སྐུལ་མ་གཏོང་བའི་ལས་གཞི་ནང་ཚུད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-06-28 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་བཟོ་འགོད་གཉིས་རྒྱལ་ཁབ་ཀྱི་སྐོར་དང་པོའི་སྤྱི་ཚོགས་དངུལ་གཏོང་ལ་སྐུལ་མ་གཏོང་བའི་ལས་གཞི་ནང་ཚུད་པ་རེད།

མ་དངུལ་འདྲེས་གཏོང་གི་ལམ་ལུགས་བཅོས་བསྒྱུར་ཇེ་མགྱོགས་སུ་གཏོང་བ་དང་དངུལ་གཏོང་གཙོ་གཞི་སྣ་མང་དུ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་མ་དངུལ་གྱི་བྱེད་ནུས་འདོན་སྤེལ་བྱེད་ཆེད། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་སྐོར་དང་པོའི་རྨང་གཞི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་སྤྱི་ཚོགས་མ་དངུལ་འདྲེས་གཏོང་བྱས་ཏེ་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་ལས་གཞི80གཏན་འཁེལ་བྱས། མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་སྟོད་རྒྱུད་ཀྱི་དམར་ལྡང་ཆུ་གློག་ས་ཚིགས་དང་ཚྭ་རྔ་འགག་ཆུ་འོད་ཁ་གསབ་གློག་འདོན་གྱི་སྐབས་གཉིས་པའི་ལས་གཞི་གཉིས་བཟོ་འགོད་དེའི་ནང་ཚུད་ཡོད་པ་དང་། དེས་མཚོ་སྔོན་གྱི་དངུལ་གཏོང་སྒྲིག་གཞི་ལེགས་བཅོས་དང་ཚོང་རའི་གསོན་ཤུགས་ཇེ་ཆེར་གཏོང་བ། སྤྱི་ཚོགས་མ་དངུལ་དེ་རྨང་གཞི་སྒྲིག་ཆས་ཁྱབ་ཁོངས་སུ་གཏོང་བའི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་བཅས་ལ་བྱེད་ནུས་གལ་ཆེན་ཐོན་ཐུབ།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག