མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་མགོ་ཁྲིད་པ་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་དང་། འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་བརྙན་འཕྲིན་གྲོས་ཚོགས་བསྡུས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-18 11:04

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་མགོ་ཁྲིད་པ་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་དང་། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་སྐོར་གྱི་བརྙན་འཕྲིན་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐའ་འཁྱོལ་བྱས་ནས། མགོ་ཁྲིད་པ་དང་པོའི་བྱེད་ནུས་འདོན་སྤེལ་གང་ལེགས་ཡོང་བར་འབད་བརྩོན་བྱས་ཏེ། ཞིང་ཆེན་ཏང་ཨུའི་རང་བདག་གི་འགན་འཁྲི་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འགན་ནུས་དངོས་འབེབས་ཡོང་བར་སྐུལ་འདེད་གཏོང་བར་འབད་བརྩོན་བྱ་དགོས་པར་མ་ཟད། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་སྒོ་གཏིང་ཟབ་དུ་སྤེལ་ནས། དམངས་ཕན་ཆབ་སྲིད་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་རྨང་གཞི་འདིང་དགོས་ཟེར།

    ལོ་ཧོས་ཉིན་གྱིས་བསྟན་དོན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་དང་། ཞིང་ཆེན་ཏང་ཨུའི་རང་བདག་གི་འགན་འཁྲི། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འགན་འཁྲི་བཅས་ལག་བསྟར་དངོས་འབེབས་བྱ་རྒྱུ་ནི། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཏོན་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པར་ཁ་གཏད་ནས་བསྒྲུབས་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱི་འགན་འཁྲི་གཉིས་དང་འབྲེལ་བའི་མཛུབ་སྟོན་གལ་ཆེན་དང་བློ་མཐུན་བང་ཆིས་ཧྲན་ཀྱི་རེ་འདུན་དེས། ང་ཚོར་ཏང་སྲོལ་སྲིད་གཙང་དང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་པར་ཁ་ཕྱོགས་གསལ་བོ་བསྟན། དེ་བས། བསམ་བློའི་ངོས་ཟིན་མཐོར་འདེགས་སུ་གཏོང་བ་དང་། ཅིའི་ཕྱིར་མགོ་ཁྲིད་པ་དང་པོའི་བྱེད་ནུས་གཙོ་བོར་འཛིན་དགོས་པའི་གནད་དོན་ཐག་གཅོད་ཡག་པོ་ཡོང་བར་འབད་བརྩོན་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འགན་འཁྲི་གཉིས་ནི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དངོས་འབེབས་བཟང་བོ་བྱེད་པའི་འགག་རྩ་ཡིན་པར་ངོས་ཟིན་ཟབ་མོ་ཡོད་པར་བྱས་ཐོག ཏང་སྲོལ་སྲིད་གཙང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏོང་བའི་དགོས་ངེས་གལ་ཆེན་ཞིག་ཀྱང་ཡིན་པ་སེམས་ལ་ཉར་ནས། རིམ་པ་སོ་སོའི་ཏང་ཨུ་ཡིས་མགོ་ཁྲིད་པ་དང་པོའི་ལས་ཐོབ་ཀྱི་གལ་ཆེན་རང་བཞིན་རང་རྒྱུད་དུ་བླངས་ནས། རུལ་སུངས་མེད་ལ་ཏང་སྲོལ་སྲིད་སྐྱོང་གཙང་མའི་ཁོར་ཡུག་ཅིག་གྲུབ་པར་འབད་འབུངས་ཧུར་བསྐྱེད་བྱ་དགོས་ཟེར།

    ལོ་ཧོས་ཉིན་གྱིས་བསྟན་དོན། ཀྲུང་དབྱང་གི་རྩ་བའི་བླང་བྱར་ངོས་ཟིན་ཡང་དག་ཡོད་པར་བྱས་ཏེ། མཚོ་སྔོན་གྱི་གནས་ཚུལ་དངོས་དང་དམ་དུ་སྦྲེལ་ནས། བྱ་བའི་དམིགས་འཛུགས་ས་གཙོ་བོ་གཙིགས་འཛིན་སྒོས། སྒྲིག་ཁྲིམས་ནན་མོ་དང་སྤྱོད་གཙང་རྒྱུད་འཛིན། རུལ་སུངས་སྔོན་འགོག སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་བཅས་ལ་འབད་འབུངས་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཁྲོད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས་ཟེར།

    མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད། བྱ་བ་ལག་ལེན་མཐའ་འཁྱོལ་ཡོང་བར་བསམ་འཆར་བཏོན། དེ་མིན་ད་དུང་མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་ཞིང་ཆེན་ཞིང་ཕྱུགས་ཐིན་ཏང་ཨུ། ཏ་ཐུང་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཚྭ་མཚོ་སྡེ་ཚོགས་ཏང་ཨུ། མཚོ་སྔོན་སློབ་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་འཁུར་མི་སྣ་གཙོ་བོ་བཅས་ཀྱིས་བསམ་ཚུལ་བརྗེ་རེས་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག