མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀོས་ནན་རྫོང་ཐུད་རོལ་སྡེ་བའི་ལྔ་བའི་ལྷ་མཆོད་དང་རོང་འབྲོག་དགྱེས་འཛོམས་དུས་སྟོན་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-06-18 11:04

123.jpg

རོང་འབྲོག་དགྱེས་འཛོམས་དུས་སྟོན།

777.jpg

ལབ་ཙེ་བསྟོད་པ།

888.jpg

གླུ་ལེན་གར་རྩེད་བྱེད་པ།

000.jpg

རྟ་རྒྱུག་བྱེད་པ།

999.jpg

མདའ་འཕེན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་རེའི་ལུགས་རྙིང་གི་ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཐུད་རོལ་སྡེ་བའི་སྐྱེས་ལྷ་ཙོང་ཁའི་སྐྱེས་རིའི་སྲས་པོ་དབང་ཆེན་སྟོབས་ལྡན་མཆོག་མཆོད་པའི་ཉིན་མོ་ཡིན་ལ། ད་ལོའི་ཟླ་ལྔ་བའི་ཚེས་བཅུ་བདུན་གྱི་ཉིན་མོར་ཡང་གནས་འདི་ནས་ལྔ་བའི་ལྷ་མཆོད་དང་རོང་འབྲོག་དགྱེས་འཛོམས་ཀྱི་དུས་སྟོན་གཟབ་རྒྱས་ཤིག་བསྡུས།

    ཉིན་དེའི་ཕྱི་ཉིན་ནས་བཟུང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་སྤྲོ་བ་ཤུན་ཏུ་ཆེ་བའི་འགྲན་བསྡུར་སྣ་ཚོགས་དངོས་སུ་འགོ་བརྩམས། རོང་བ་དག་ལ་མཚོན་ན་མདའ་འཕེན་དང་བཙིར་འཇིག་ལ་གོམས་ཡོད་པས་ཁོ་ཚོར་དེའི་སྐོར་ནས་འགྲན་བསྡུར་བྱས་ལ། འབྲོག་པ་དག་ལ་མཚོན་ན་རྟ་རྒྱུགས་དང་རི་གླུ་ལ་གོམས་ཡོད་པས་ཁོ་ཚོར་དེའི་སྐོར་ནས་འགྲན་བསྡུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག