མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ཀྱིས་ཁྲིམས་དང་འགལ་ནས་བཙོག་ཆུ་ཕྱིར་འདོན་པར་གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-18 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་རྒྱལ་ཡོངས་ནས་བསྡུས་པའི“ཁྲིམས་དང་འགལ་ནས་བཙོག་ཆུ་ཕྱིར་འདོན་པའི་ཁེ་ལས་ལ་དག་ཐེར་བཅོས་སྐྱོང་བྱས་ནས་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི”བརྙན་འཕྲིན་ཁ་པར་གྲོས་ཚོགས་གྲོལ་རྗེས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཀྱང་མྱུར་དུ་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་བྱ་སྤྱོད་ཀྱི་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་ཀྱི་གྲོས་ཚོགས་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ་དང་། མཚོ་སྔོན་གྱི་དོན་དངོས་དང་ཟུང་དུ་སྦྲེལ་ནས་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་མཚོ་སྔོན་ཡན་ལག་ཚོགས་རའི་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། གཅིག་བསྡུས་ཀྱིས་ཁྲིམས་དང་འགལ་ནས་བཙོག་ཆུ་ཕྱིར་འདོན་པའི་ཁེ་ལས་ལ་དག་ཐེར་བཅོས་སྐྱོང་བྱས་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་དེ་ནི། བཙོག་རྫས་ཕྱིར་འདོན་པར་ཚོད་འཛིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཁོར་ཡུག་གནད་དོན་ཐག་གཅོད་པའི་ནུས་ཡོད་བྱེད་ཐབས་ཤིག་ཡིན་ཞིང་། མཁར་གྲོང་གི་ཁོར་ཡུག་ཇེ་བཟང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། ད་ལྟ་མཚོ་སྔོན་ཞིང་ཆེན་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་སྤྱོད་སྤེལ་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་མོད། ཡིན་ནའང་ཁོར་ཡུག་བཙོག་པའི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་དེ་ད་རུང་རྩ་བ་ནས་ཐག་གིས་བཅད་མེད་པས། ཁོར་ཡུག་བཙོག་འགྱུར་དག་ཐེར་བཅོས་སྐྱོང་བྱེད་པའི་ལས་འགན་ད་རུང་ཧ་ཅང་ལྗིད། ཁོར་ཡུག་ཁྲིམས་སྐྱོང་གི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་བསྣན་ནས། མུ་མཐུད་དུ་ཁོར་ཡུག་སྲུང་སྐྱོབ་ཆེད་དོན་བྱ་སྤྱོད་གཏིང་ཟབ་དུ་སྤེལ་བར་དོན་སྙིང་དང་ནུས་པ་གལ་ཆེན་ལྡན་པས། ད་ལོར་བྱ་བ་གཙོ་བོ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཆེད་དོན་བྱ་སྤྱོད་ཀྱི་ལས་འགན་དམ་པོར་དམིགས་ནས། བཞུར་རྒྱུན་གཙོ་བོའི་བཙོག་ཆུ་ཕྱིར་འདོན་པར་ཆེད་དོན་ཞིབ་བཤེར་བྱེད་དགོས་པ་དང་། ལྗིད་པའི་ལྕགས་རིགས་ཕྱིར་འདོན་པའི་ཁེ་ལས་ཀྱི་ཁོར་ཡུག་བཙོག་འགྱུར་གནད་དོན་ལ་ཆེད་དོན་དག་ཐེར་བཅོས་སྐྱོང་བྱེད་པ། གཏེར་རི་ཁེ་ལས་ཀྱི་ཁོར་ཡུག་བདེ་འཇགས་ཐད་ལ་ཉེན་ཁ་འབྱུང་ཉེན་ཆེ་བའི་གནས་ཚུལ་བཅས་ལ་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བ་གཏིང་ཟབ་དུ་སྤེལ་ཏེ། མང་ཚོགས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་ཁོར་ཡུག་གནད་དོན་ཐག་བཅད་ནས། ཁོར་ཡུག་སྲུང་སྐྱོབ་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་བྱ་བར་ཡར་སྐུལ་བྱེད་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག